《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

ཉེ་ཆར། སྟག་རྩེ་ཆུས་མི་དམངས་དྲག་ཆས་པུའུ་དང་སྟག་རྩེ་ཆུས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོའི་ཚོགས་ཆུང་7པར་ཡོང་སྟེ། དཔུང་སྡེར་སྡོད་རིང“‘བཞི་ལྡན’ཕུལ་བྱུང་དམག་དཔོན”གྱི་གཟེངས་བསྟོད་ཐོབ་པའི་ད་སྐུལ་དམག་མི་སྤེན་པ་ཚེ་རིང་གི་ནང་མིར་བྱས་རྗེས་བཞག་པའི་གཏམ་བཟང་བརྒྱུད་བསྒྲགས་དང་གཟེངས་རྟགས་སྤྲད་དེ། རྒྱ་ཆེའི་མང་ཚོགས་ཚོའི་རྒྱལ་གཅེས་དམག་བཀུར་གྱི་སྤྲོ་སེམས་འཕེལ་བ་དང་གཞོན་ནུ་ཚོ་དམག་ལ་ཞུགས་པ་དང་བྱས་རྗེས་འཇོག་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་འགྲོ་བར་ལྕག་སྐུལ་བྱས་ཡོད།

འདི་ནི་སྟག་རྩེ་ཆུས་མི་དམངས་དྲག་ཆས་པུའུ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་སྤེན་པ་ཚེ་རིང་གི་ནང་མིར་གཏམ་བཟང་བརྒྱུད་བསྒྲགས་དང་གཟེངས་རྟགས་སྤྲོད་པ་དང་འབྲེལ་དྲན་རྟེན་པར་རྒྱག་བཞིན་པ།