《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

རིག་གནས་ཀྱི་ལོ་གསར་མཁོ་ཆས་དགོན་སྡེར་བསྐྱལ་བ།

རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རིག་གནས་ཀྱི་ བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་དུས། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དགོན་སྡེའི་དཔེ་མཛོད་ཡན་ལག་ཁང་དང་ལྷ་སའི་འབྲེལ་ཡོད་དེབ་ཁང་དུ་བསྐྱོད་ནས“རིག་གནས་ཀྱི་ལོ་གསར་མཁོ་ཆས་དུད་ཚང་དུ་སྐྱེལ་བ”དང“ཨ་ཅག་གིས་སྒྲུང་གཏམ་ཤོད་པ”སོགས་ཀྱི་བྱེད་སྒོ་སྤེལ་ཡོད། རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པས་དྲ་ཐོག་དང་དྲ་ཕྱིའི་དཔེ་ཀློག་གི་ཞབས་འདེགས་ཞུས་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཚོའི་དུས་ཆེན་རིང་གི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་བསྐངས་ནས། “དུས་ཆེན་དགའ་གཏོང་། མཛེས་པའི་ཀྲུང་གོ”ཞེས་པའི་དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་ཡོད།

“ཉིན་ཤས་གོང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འགན་འཁུར་བས་ལས་མིའི་སྣེ་ཁྲིད་དེ། གཞིས་རྩེ་གྲོང་ཁྱེར་དུ་ཡོད་པའི་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཧའོ་དགོན་སྡེའི་ཡན་ལག་དཔེ་མཛོད་ཁང་དུ“རིག་གནས་ཀྱི་ལོ་གསར་མཁོ་ཆས་དགོན་སྡེར་བསྐྱལ་བའི”གྲངས་འཛིན་རིག་གནས་བྱེད་སྒོ་སྤེལ་ཡོད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་སྤེལ་བའི“རིག་གནས་ཀྱི་ལོ་གསར་མཁོ་ཆས་དགོན་སྡེར་བསྐྱལ་བའི”གྲངས་འཛིན་རིག་གནས་བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལས་སྟེགས་ཁྱབ་གདལ་བཏང་བ་ཕུད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རིག་གནས་ཅུས་དང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཧའོ་དགོན་ཡན་ལག་དཔེ་མཛོད་ཁང་གིས་ད་དུང་ཡིག་གཟུགས་འགྲན་བསྡུར་དང་། བོད་རྒྱ་སྐད་གཉིས་ཀྱི་གྱེར་འདོན་འགྲན་བསྡུར། བོད་རྒྱ་སྐད་གཉིས་ཀྱི་ཡིག་སྒྱུར་འགྲན་བསྡུར། སྒྲ་སྙན་དང་དམངས་གཞས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་བྱེད་སྒོ་སྤེལ་ཡོད། བྱེད་སྒོ་སྤེལ་རིང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “དུས་ཆེན་གཉིས”ཀྱི་སྨོན་འདུན། རིམས་ནད་སྔོན་འགོག་དང་ཚོད་འཛིན། དམངས་ཡོངས་དཔེ་ཀློག་སོགས་ནང་དོན་དུ་བྱས་ནས། ད་ཕན་ལོ་ཤས་རིང་། དཔེ་ཀློག་དང་ཁྱབ་གདལ་བྱེད་སྒོར་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་མངོན་པར་བྱས་ཡོད། བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་དུང་ཧའོ་དགོན་དཔེ་མཛོད་ཡན་ལག་ཁང་ལ་དཔེ་དེབ་དང་རིག་གནས་བསམ་བཀོད་ཀྱི་དཔེ་འཛར་སོགས་དཔེ་ཀློག་ཁྱབ་གདལ་གྱི་ཐོན་རྫས་མཁོ་འདོན་བྱས་ཡོད།

དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་འདི་ལོའི་ཟླ་1ཚེས་1ཉིན་ནས་ཟླ་1ཚེས་30ཉིན་བར་ལྷ་སའི་དབན་ཏ་ཐང་ཆེན་དབྱངས་སྐྱིད་དཔེ་ཁང་དུ“ཨ་ཅག་གིས་སྒྲུང་གཏམ་ཤོད་པའི”བྱེད་སྒོ་དང“རིག་གནས་ཀྱི་ལོ་གསར་མཁོ་ཆས་དགོན་སྡེར་བསྐྱལ་བའི”གྲངས་འཛིན་རིག་གནས་ཞབས་ཞུའི་ཁྱབ་གདལ་བྱེད་སྒོ་ཐེངས་མང་སྤེལ་བ་རེད།