《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ཕོ་བྲང་པོ་ཏ་ལ་དང་། སེ་ར་དགོན། གཙུག་ལག་ཁང་བཅས་ཀྱི་རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་ལས་དོན་ལ་ཞིབ་བཤེར་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་དེ་ཕོ་བྲང་པོ་ཏ་ལ་དང་། སེ་ར་དགོན། གཙུག་ལག་ཁང་བཅས་སུ་ཕེབས་ནས། དུས་ཆེན་གོང་གི་རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

ཞིབ་བཤེར་ཚོགས་ཆུང་གིས་ཕོ་བྲང་པོ་ཏ་ལ་དང་། སེ་ར་དགོན། གཙུག་ལག་ཁང་བཅས་ཀྱི་རིག་དངོས་སྲུང་སྐྱོབ་དང་རིག་དངོས་བདེ་འཇཌ་ལས་དོན་ལ་སྔ་རྗེས་སུ་ཞིབ་བཤེར་གནང་ཞིང་། ས་གནས་ས་ཐོག་ཏུ་རིག་དངོས་སྲུང་སྐྱོབ་དང་། མེ་སྐྱོན་སྔོན་འགོག་དང་ཚོད་འཛིན། གཙང་སྦྲ་དང་དུག་སེལ། མི་སྣའི་འགོག་སྲུང་། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་ལས་དོན་ལ་གཟིགས་ནས། ཞིབ་བཤེར་གནང་རིང་ཐོན་པའི་གནད་དོན་ལ་དག་ཐེར་བསམ་འཆར་བཏོན་གནང་ཡོད། ཞིབ་བཤེར་ཚོགས་ཆུང་གིས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རིག་དངོས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་པ། དུས་ཆེན་རིང་གི་སྡོད་བྱའི་ལས་དོན་ནན་ཏན་སྒྲུབ་པ་བཅས་བྱས་ནས། དུས་ཆེན་རིང་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཞིབ་བཤེར་ཚོགས་ཆུང་གིས། རིག་དངོས་སྲུང་སྐྱོབ་ཚན་པ་ཁག་གིས་རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། བྱེད་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཤེས་རྟོགས་ཐུབ་པའི་གནད་དོན་དུས་ཐོག་ཏུ་དག་ཐེར་བྱེད་པ། མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་སྔོན་བཀོད་ཇུས་གཞི་བཟོ་བ་བཅས་བྱས་ནས། རིག་དངོས་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།