《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

ཝང་ཝུའེ་ཏུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དུ་ཕེབས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་8ཉིན་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དུ་ཕེབས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

ཝང་ཝུའེ་ཏུང་དང་ཐོག་ལྟ་སྐུལ་ཞིབ་བཤེར་ཁང་དང་པོ་དང་གཉིས་པར་ཕེབས་ཏེ་2020ལོའི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། རྫོང་རིམ་པའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་ཐད་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ནང་ངོས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་འཚོལ་ཞིབ་བྱས་ནས་གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཝུའེ་ཏུང་མུ་མཐུད་སྐོར་ཞིབ་ཁང་དུ་ཕེབས་པ་དང་སྦྲགས་འབྲེལ་ཡོད་ཀྱི་གནས་ཚུལ་སྙན་སེང་ཀྱང་གསན་ཞིང་། ཁོང་གིས། གྲོང་ཁྱེར་དང་རྫོང་རིམ་པའི་སྐོར་ཞིབ་བྱེད་ཤུགས་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པས་གྲོང་ཨུད་སྐོར་ཞིབ་ཁང་གིས་གཙོ་བོ་བྱེད་པ་དང་གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་བྱེད་ཤུགས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་དང་ལས་དོན་ལ་སྤྱི་འདོམས་འཆར་འགོད་བྱེད་པའི་ལམ་སྲོལ་ནུས་ལྡན་ཞིག་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། སྐོར་ཞིབ་ཁང་དང་སྐོར་ཞིབ་ཚོགས་ཆུང་གཞི་གཅིག་མཉམ་འདྲེས་ཀྱིས་གཞུང་དོན་སྒྲུབ་པའི་ལས་ཀའི་བྱེད་ཐབས་ཤིག་བསྒྲུབ་རྒྱུར་སྐུལ་འདེད་ཧུར་ཐག་དང་། གོང་འོག་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་སྐོར་ཞིབ་ཀྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས་ཞེས་གསུངས་པ་རེད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)