《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

བློ་བཟང་རྒྱལ་མཚན་གྱིས་ངལ་རྩོལ་དཔེ་བཟང་བའི་འཐུས་མི་དང་། དཀའ་ངལ་ཡོད་པའི་ལས་བཟོ། རྒན་ཡོལ་ཞུས་པའི་བཟོ་པ། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ། ཡོང་འབབ་དམའ་བའི་ཁྱིམ་ཚང་དང་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་རང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་འཐུས་མི་དང་། དཀའ་ངལ་ཡོད་པའི་ལས་བཟོ། རྒན་ཡོལ་ཞུས་པའི་བཟོ་པ། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ། ཡོང་འབབ་དམའ་བའི་ཁྱིམ་ཚང་དང་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། ཁོང་ཚོ་དང་ཁོང་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་། མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ཁམས་བཟང་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་སོགས་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

“ལོ་གསར་བཀྲ་ཤིས་བདེ་ལེགས”རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སུ་འབྱོར་རྗེས་བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་འཐུས་མི་དང་། རྒན་ཡོལ་ཞུས་པའི་བཟོ་པའི་འཐུས་མི།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དཀའ་ངལ་ཡོད་པའི་ལས་བཟོའི་འཐུས་མི་སོགས་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་ཞུས་ཡོད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེན་གྱི་ཏང་ཡིན་པ་དང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ་དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་ར་འཕྲོད་གང་ལེགས་ཐུབ་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་གོ་གསར་པ་མེད་ན་བོད་ལྗོངས་གསར་པ་མེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ“སྲུང་སྐྱོང་གཉིས”ཐུབ་པ་དང་། རླབས་ཆེན་གྱི་ཏང་དང་། རླབས་ཆེན་གྱི་ལམ་ལུགས། རླབས་ཆེན་གྱི་མེས་རྒྱལ། རླབས་ཆེན་གྱི་དུས་རབས། རླབས་ཆེན་གྱི་བྱ་གཞག་བཅས་ལ་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་བ། དེང་གི་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ཡིན་མིན་ཆེན་པོའི་གནད་དོན་ཐད་རིགས་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། དར་ཆ་གསལ་སྟོན་བཅས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། “མོས་སེམས་ལྔ”ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ངལ་རྩོལ་ནི་བདེ་སྐྱིད་ཐམས་ཅད་ཀྱི་འབྱུང་རྩ་ཡིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”“མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ། གནས་གཅེས་ལས་བརྩོན་བྱེད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པ། དཀའ་སྤྱད་དངོས་སྒྲུབ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངལ་རྩོལ་ལ་བརྩི་འཇོག་དང་གོང་དུ་བཀུར་བ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་པ། རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་བ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བསྟན་བློས་བསྒྱུར། པ་སངས་སྒྲོལ་ལགས་དང་བསྟན་བློས་ཞུས)