《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

ཆེ་དགྲ་ལྷས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། རིམས་འགོག་གི་སྔོན་ཐོན་མི་སྒེར། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ། དཀའ་ངལ་ཡོད་པའི་སྤྱི་ཚོགས་ཀྱི་ཚོགས་སྤྱི་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཟླ་2ཚེས་3ཉིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་གྲས། རྒྱལ་ཡོངས་ཀྱི་རིམས་འགོག་སྔོན་ཐོན་མི་སྒེར། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ། དཀའ་ངལ་ཡོད་པའི་སྤྱི་ཚོགས་ཀྱི་ཚོགས་སྤྱི་བཅས་ལ་འཚམས་འདྲི་དང་གཟིགས་ཞིབ་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ལྷན་དུ་གཟིགས་པར་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་བློ་བཟང་དབང་འདུས་དང་། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་གྲས་བཀྲ་ཤིས་པད་སྒྲོན། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་སྤང་མདའ་རྡོ་རྗེའི་ནང་མིར་འཚམས་འདྲི་གནང་ནས་ཁོང་ཚོར་དཀར་གཙང་མཇལ་དར་བསྒྲོན་པ་དང་དུས་ཆེན་གྱི་སྨོན་འདུན་ཞུས་ཏེ་ཚང་མ་དང་མཉམ་དུ་བཞུགས་ནས་གཟི་བརྗིད་ལྡན་པའི་ལོ་ཟླར་ཕྱིར་དྲན་དང་མཛེས་སྡུག་ལྡན་པའི་འཚོ་བ་ལྷུག་གླེང་གནང་ཞིང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཆེ་དགྲ་ལྷས་ལས་བྱེད་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་པའི་དཔང་པོ་དང་། ཞུགས་མཁན། གསར་གཏོད་པ་བཅས་ཡིན་པས་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱེད་པ། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ནང་ལེགས་སྐྱེས་གལ་ཆེན་ཕུལ་བར་བརྟེན་ཏང་དང་མི་དམངས་ཀྱིས་ཁྱེད་ཚོ་ནམ་ཡང་བརྗེད་མི་སྲིད་ཅེས་བརྩེ་བ་ཟབ་མོས་གསུངས་པ་རེད།

ཆེ་དགྲ་ལྷས་2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གྱི་འགོ་ཚུགས་ལོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་འགོ་ཚུགས་པའི་ལོ་ཞིག་བཅས་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ལས་བྱེད་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། བློ་མཐུན་རྒན་གྲས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྩ་ཆེའི་བསམ་འཆར་དང་གྲོས་འགོ་མང་ཙམ་བཏོན་ཏེ་ཐུན་མོང་ཐོག་བོད་ཀྱི་ལས་དོན་ཁག་དེ་བས་ཡག་པོ་ཏན་ཏིག་བསྒྲུབ་རྒྱུའི་རེ་བ་སྙིང་ཐག་པ་ནས་ཡོད་ཅེས་གསུངས་པ་རེད།

རྒྱལ་ཡོངས་ཀྱི་རིམས་འགོག་སྔོན་ཐོན་མི་སྒེར་ལི་ཅིང་ཀྲུང་གི་ཁྱིམ་དུ་ཆེ་དགྲ་ལྷས་ཁོང་གི་ལས་དོན་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཁོང་དང་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་དང་པོའི་སྨན་དོན་པས་རིམས་འགོག་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་གིས་གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ལས་རིགས་ཀྱི་ཀུན་སྤྱོད་དང་ལས་བཀུར་གྱི་སྙིང་སྟོབས་བཟང་པོར་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།

ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དང་ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་སོགས་སུ་ཕེབས་ཏེ། ཆེ་དགྲ་ལྷས་ལས་བཟོའི་འཐུས་མི་དང་དཀའ་ངལ་ཡོད་པའི་སྤྱི་ཚོགས་ཀྱི་ཚོགས་སྤྱིར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ཆེ་དགྲ་ལྷས་དཀའ་ངལ་ཡོད་པའི་སྤྱི་ཚོགས་ཀྱི་ཚོགས་སྤྱིའི་སྡོད་གནས་དང་ཁ་ལག་ཡག་ཉེས་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སེམས་འགུལ་ངོ་མ་ཐེབས་པ་དང་བརྩེ་སེམས་དངོས་ལ་བརྟེན་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་ཉམས་ཞན་ཚོགས་སྤྱིས་དེ་བས་ལེགས་པའི་སྒོ་ནས་ཏང་གི་དྲོ་སྐྱིད་དང་བྱམས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་ཐུབ་པར་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། པ་ཚེ་དང་བསྟན་བཟང་གིས་ཞུས)