《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

ཝུའུ་དབྱིང་ཅེས་པ་སངས་སོགས་བློ་མཐུན་རྒན་གྲས་དང་། སྤྱི་བདེའི་སྔོན་ཐོན་མི་སྒེར། གཞུང་དོན་དུ་སྐུ་གཤེགས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

ཟླ་2ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་པ་སངས་དང་། “ལམ་བཞི་ནས་བོད་དུ་སྐྱོད་པའི”འཐབ་འཛིང་པ་རྒན་རབས་དབང་ཕྱུག ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས“ལམ་བཞི་ནས་བོད་དུ་སྐྱོད་པའི”འཐབ་འཛིང་པ་རྒན་རབས་དབང་ཕྱུག་དང་བྱམས་བརྩེ་ངང་བཀའ་མོལ་གནང་བཞིན་པ།

ཟླ་2ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་པ་སངས་དང་། “ལམ་བཞི་ནས་བོད་དུ་སྐྱོད་པའི”འཐབ་འཛིང་པ་རྒན་རབས་དབང་ཕྱུག ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མིར་ཕྱག་བཏང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་པ་སངས་དང་། “ལམ་བཞི་ནས་བོད་དུ་སྐྱོད་པའི”འཐབ་འཛིང་པ་རྒན་རབས་དབང་ཕྱུག ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་མཉམ་དུ་ཕེབས་པ་རེད།

འཚམས་འདྲི་གནང་རིང་ཝུའུ་དབྱིང་ཅེས་པ་སངས་དང་དབང་ཕྱུག་གི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་བདེ་ཐང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་ཚོ་དང་མཉམ་དུ་བརྗེད་པར་དཀའ་བའི་ལོ་ཟླ་བསྐྱར་དྲན་གནང་བ་དང་། མེས་རྒྱལ་འཕེལ་རྒྱས་འགྲོ་ཚུལ་ལ་དགའ་སྤྲོའི་ངང་གཟིགས་པ། བོད་ཀྱི་འཕོ་འགྱུར་ལྷན་དུ་གླེང་བ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་གནང་བ་རེད། ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་དེ་སྔ་བསྒྲུབ་དགོས་བསམས་ཀྱང་བསྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ཐུབ་སྟེ། ལས་དོན་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཐེབས་ཡོད། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོབ་པ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག་ཐོབ་པ་ཞིག་རེད་ལ། བློ་མཐུན་རྒན་གྲས་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ལས་བྱུང་བ་ཞིག་ཀྱང་རེད། ཁྱེད་རྣམ་པས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་ཡོད་པས་ཏང་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད། མཚོན་རྟགས་སུ་བྱས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཚུན། བོད་དུ་སྔར་བྱུང་མྱོང་མེད་པ་དང་ལོ་ཁྲི་སྟོང་མང་པོར་འཕྲད་དཀའ་བའི་རྩ་ཆེའི་གོ་སྐབས་ཐོབ་སྟེ་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་འགོ་ཚུགས་ཡོད། ཁྱེད་རྣམ་པས་གསར་བརྗེའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས། ནུས་པ་ལྷག་མ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། བོད་སྐྱོང་བོད་བརྟན་བོད་དར་གསུམ་གྱི་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། ཁྱེད་རྣམ་པ་སྐུ་གཟུགས་གསལ་ཐང་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

དེ་རྗེས་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོ་དང་ཁོང་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་དང་དེ་བཞིན་ཁོང་ཚོའི་ནང་མི། གཞུང་དོན་དུ་སྐུ་གཤེགས་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ནང་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཝུའུ་དབྱིང་ཅེས་བསྟན་གནང་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་འགོ་འཛུགས་པ་བཅས་ཀྱི་ལོ་ཞིག་རེད། རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་ཚོས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་བ། སྤྱི་བདེའི་ལས་དོན་ལ་ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། བོད་ཀྱི་ལས་དོན་དང་། སྲིད་ཁྲིམས་ལས་དོན། སྤྱི་བདེའི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བསླབ་བྱ་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། དཀའ་ངལ་ཆེ་ཤོས་ཀྱི་ས་ནས་བསམ་བློ་གཏོང་བ་དང་གྲུབ་འབྲས་བཟང་ཤོས་ཐོབ་རྒྱུའི་བརྩོན་ལེན་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་དང་རང་ལྗོངས་ཀྱི་བདེ་འཇགས་བརྟན་ལྷིང་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། “ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་སྤྱི་བདེའི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ལ་དོན་འཁྱོལ་བྱེད་པ། ཚང་མའི་དཀའ་སྤྱད་སྟོན་གྲངས་དེ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ལ་འགྱུར་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ལམ་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་ནས་བློས་འགེལ་ཆོག་པ་དང་། ཡིད་ཆེས་བྱེད་ཆོག་པ། ཕྱིར་སྐྱོད་ཐུབ་པ། གོ་ཆོད་ཐུབ་པ། རྒྱལ་ཐུབ་པ་བཅས་ཀྱི་ས་མཐོའི་སྤྱི་བདེའི་ཧྲག་དམག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་བདེའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱེད་པ། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ལུས་སེམས་བདེ་པོའི་སྒོ་ནས་ལས་ཀ་བྱེད་ཐུབ་པ་བཅས་བྱས་ནས་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ལས་འགན་ཡག་པོ་སྒྲུབ་པར་དེ་བས་ལེགས་པའི་ལས་ཀའི་ཆ་རྐྱེན་དང་ཁྲིམས་འཛིན་ཁོར་ཡུག་ཅིག་གཏོད་དགོས།

བྱམས་བརྩེའི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་དག་ལས་དགུན་ཉི་འཕྲོས་པ་བཞིན་ལུས་སེམས་དྲོ་སོབ་སོབ་ཏུ་གྱུར། རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་དམངས་ཉེན་རྟོག་པའི་ནང་མིས་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གཟབ་བཞེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ཚོས་རང་རང་སོ་སོའི་ལས་གནས་ཐོག་འགན་འཁུར་ཕོད་པ་དང་། ལས་འགན་གཙང་སྒྲུབ། ལས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(སྤེན་ཚེ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)