《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

གཟའ་འཁོར་འདིའི་གནམ་གཤིས།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2021ལོའི་ཟླ་2ཚེས་8ཉིན་ནས་ཟླ་2ཚེས་14ཉིན་བར)

རེས་གཟའ་ཟླ་བ་ནས་མིག་དམར་བར། ནག་ཆུའི་ཤར་རྒྱུད་དང་དང་ཆབ་མདོའི་བྱང་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་དེ་མིན་ས་ཁུལ་དུ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

རེས་གཟའ་ལྷག་པ་ནས་ཕུར་བུ་བར། ཉིང་ཁྲིའི་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ཏེ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། མངའ་རིས་ཀྱི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གངས་སིམ་སིམ་འབབ་རྒྱུ། དེ་མིན་ས་ཁུལ་དུ་སྤྲིན་པ་ཉུང་ཉུང་འཁོར་ནས་རིམ་བཞིན་སྤྲིན་པ་མང་པོ་འཁོར་རྒྱུ།

རེས་གཟའ་པ་སངས་ནས་ཉི་མ་བར། ཉིང་ཁྲིའི་ཤར་ལྷོའི་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་གངས(ཆར་པ)སིམ་སིམ་འབབ་རྒྱུ་དང་། དེ་མིན་ས་ཁུལ་དུ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

གཟའ་འཁོར་འདིའི་ནང་ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་ཀྱི་ལྷོ་རྒྱུད་ཀྱི་ས་བབ་མཐོ་སར་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ་དང་གཞིས་རྩེ་དང་། ལྷོ་ཁ། ལྷ་ས་བཅས་ཀྱི་ལུང་ཤུར་རྒྱུད་དུ་ལྷགས་པ་རིམ་པ་4ནས་5བར་རྒྱག་རྒྱུ། ཉིན་དགུང་ཡོལ་རྗེས་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ།

གཉིས། གྲོས་འགོ

1.རེས་གཟའ་ཕུར་བུའི་རྗེས་སུ་གངས(ཆར་པ)བབས་པའི་གནམ་གཤིས་བསྟན་རྒྱུ་དང་། ས་བབ་མཐོ་བའི་ལམ་དུམ་དུ་གངས་གསོག་དང་འཁྱཌ་པ་ཐེབས་སླ་བས་ཚང་མས་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ཡིད་གཟབ་གནང་དགོས།

2. རེས་གཟའ་ཕུར་བུའི་གོང་དུ་ལྷགས་པ་ཆེ་བའི་གནམ་གཤིས་བསྟན་རྒྱུ་དང་གནམ་གཤིས་སྐམ་ཤས་ཆེ་བས་ཚང་མས་རྩྭ་ཐང་དང་། ནགས་ཚལ། གྲོང་ཁྱེར་བཅས་ཀྱི་མེ་ཟོན་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།

3.གཟའ་འཁོར་འདིར་གནམ་གཤིས་གྲང་དུ་འགྲོ་རྒྱུ་ཡིན་པས་ཚང་མས་དྲོ་ཇུས་ཡག་པོ་གནང་དགོས།