《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲིའི“4•14”ཡི་ནགས་ཚལ་མེ་སྐྱོན་གྱི་མེ་གསོད་སྲོག་སྐྱོབ་བྱེད་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲིའི“4•14”ཡི་ནགས་ཚལ་མེ་སྐྱོན་གྱི་མེ་གསོད་སྲོག་སྐྱོབ་བྱེད་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ནགས་ཚལ་མེ་ཟོན་ལས་དོན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་དོན་ལ་ཕྱོགས་སྡོམ་དང་སྔོན་ཐོན་ལ་གཟེངས་བསྟོད་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐང་མིང་དབྱིང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སངས་རྒྱས་གྲགས་པ་བཅས་ཚོགས་འདུར་ཞུགས་པ་རེད། ཚོགས་འདུར་ཞུགས་པའི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་གནང་བ་དང་། གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་སྡེ་ཚན་ཁག་གིས་མེ་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཆ་འཕྲིན་བསྡུ་རུབ་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མེ་ཉེན་ལ་གནད་སྨིན་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཇུས་གཞི་དང་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་དུས་བབ་ལ་སྟངས་འཛིན་དང་། འགན་འཁུར་བ་གཙོ་བོ་ནས་དོ་དམ་བཀོལ་སྤྱོད་ལས་གནས་ཡོངས་བར་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་ནས་མེ་ཟོན་དང་། སློབ་གྲྭ། སྨན་ཁང་སོགས་གཙོ་གནད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབས་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྤྲོ་སྣང་ལྡན་ལ་བཀྲ་ཤིས་པའི་འགན་ལེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སོགས་དུས་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱེད་དགོས།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)