《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

ཧོ་ཝུན་ཧའོ་ཡིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་བ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་7ཉིན་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས། སྲིད་ཁྲིམས་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་བ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཚོར་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོ་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

ཧོ་ཝུན་ཧའོ་སྔ་རྗེས་སུ་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཆུང་སྐྱིད་དང་ལྗོངས་ཁྲིམས་འཛིན་ཐིང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་འཕྲིན་ལས་ནོར་བུའི་ཁྱིམ་དུ་ཕེབས་ནས། ཁོ་ཚོ་དང་ཁོ་ཚོའི་ནང་མིར་མཇལ་དར་བསྒྲོན་པ་མ་ཟད། རྒན་ཡོལ་ཞུས་རྗེས་ཀྱི་འཚོ་བ་དང་གཟུགས་པོའི་གནས་ཚུལ་ལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད། ཧོ་ཝུན་ཧའོ་ཡིས“དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་བྱས་པའི་ལས་བྱེད་པས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། འབད་འཐབ་ལྷོད་མེད་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ། རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཚེ་གང་གི་སེམས་ནུས་ཀྱང་ལེགས་སྐྱེས་ཕུལ་ཡོད། བློ་མཐུན་རྒན་གྲས་ཚོས་མུ་མཐུད་སེམས་ནུས་ལྷག་མ་བཏོན་ནས་བོད་ཀྱི་སྲིད་ཁྲིམས་བྱ་གཞག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།