《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月05日

ཤ་མོ་ཆུང་ངུ་ཐོན་ལས་ཆེན་པོར་གྱུར།

ཇོ་རིའི་མཐོང་བ་ཙམ་གྱིས་སྨོན་པའི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་ཁུལ་ནི་གཞིས་རྩེ་གྲོང་ཁྱེར་ཞིང་ལས་མ་འཇོག་ཀུང་སིས་གཉེར་སྐྱོང་དོ་དམ་བྱས་པའི་ཤ་མོ་ཐོན་སྐྱེད་དང་། འདེབས་གསོ། སྐྱེ་ཁམས་ལྟ་སྐོར། ཚན་རྩལ་གསོ་སྦྱོང་བཅས་གཅིག་ཏུ་འདུས་པའི་ཐོན་ལས་རྣམ་གྲངས་ཤིག་ཡིན་པ་དང་དེའི་ས་ཁྱོན་ལ་མུའུ་200ལྷག་ཙམ་ཡོད། མིག་སྔར་ཁུལ་དེས་ཉིན་རེར་རྒྱ་མ་400ནས་600བར་གྱི་ཤ་མོ་སྣ་ཁ་19ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། དཔེ་སྟོན་ཁུལ་དེས་ད་ཆ་ཀོ་ཤའི་འདེབས་འཛུགས་ལག་རྩལ་ལ་ཞིབ་འཇུག་བྱས་ཟིན་པ་དང་། དཔེ་སྟོན་ཁུལ་རྒྱས་སྐྲུན་བྱས་རྗེས་འཕྲལ་དུ་ཐོན་སྐྱེད་བྱ་རྒྱུ་ཡིན་པ་རེད། འདི་ནི་ཇོ་རིའི་མཐོང་བ་ཙམ་གྱིས་སྨོན་པའི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་ཁུལ་གྱི་ལས་དོན་མི་སྣས་ཐོན་སྐྱེད་ལས་ཁྲིའི་ཐོག་ལས་ཀ་བྱེད་བཞིན་པ།