《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月02日

སྨོན་ཚིག་བྲིས་ནས་དཔྱིད་གསར་དུས་ཆེན་བསུ།

ཉེ་དུས་ཧུད་ཁྲང་རྫོང་གིས“ས་ཆ་དེ་རང་དུ་ལོ་གསར་གཏོང་བ་དང་དྲོ་སྐྱིད་ལྡན་པའི་ལོ་གསར་གྱི་ཉམས་བཟང་མངོན་པའི”འབྲེལ་ཡོད་བྱེད་སྒོ་སྤེལ་ཏེ། ཞིང་ཁྱིམ་དཔེ་ཁང་དང་། རིག་གནས་ཁང་། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་ཁང་བཅས་ནས་ཀྲུང་གོའི་ཕུན་སུམ་ཚོགས་ཤིང་དམིགས་བསལ་ཆེ་བའི་ལོ་གསར་གྱི་རིག་གནས་དང་དུས་ཆེན་གྱི་རིག་གནས་ངོམ་སྟོན་བྱས་པ་དང་སྦྲགས། མི་རྣམས་ལ་ས་ཆ་དེ་རང་དུ་ཕ་ཡུལ་གྱི་ཚོར་སྣང་དང་ལོ་གསར་གྱི་སྣང་བ་ཡོང་བར་བྱས་ནས་དགའ་སྐྱིད་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ཅིང་། འདི་ནི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཧུད་ཁྲང་རྫོང་ཝུན་ཝུའུ་པཱ་གྲོང་རྡལ་གྱི་བུ་བཅོལ་ཁང་ཞིག་ཏུ“སྲོལ་རྒྱུན་གྱི་རིག་གནས་ལ་ལོ་གསར་གྱི་རྣམ་པ་ཟབ་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། གྲོགས་པོ་ཆུང་ཆུང་དང་ས་ཆ་དེ་རང་དུ་ལོ་གསར་གཏོང་མཁན་གྱི་ཕྱི་རྒྱལ་དགེ་རྒན་གྱིས་མཉམ་དུ་ཡིག་གཟུཌ་སྦྱངས་ཏེ་སྨོན་ཚིག་བྲིས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བཞིན་པ།