《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月02日

རང་ལྗོངས་ཀྱི་ས་གནས་འབྱུང་རབས་ཁག་121རྩོམ་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ས་གནས་འབྱུང་རབས་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོ་ནས་བཟུང་། རང་ལྗོངས་ཀྱིས《རྒྱལ་ཡོངས་ཀྱི་ས་གནས་འབྱུང་རབས་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད(2015—2020ལོ་བར)པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་ས་གནས་འབྱུང་རབས་རྩོམ་སྒྲིག་བཟོ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཁྱོན་བསྡོམས་ཡིག་འབྲུ་དུང་ཕྱུར་དུ་མ་ཟིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ས་གནས་འབྱུང་རབས་གསར་པའི་འདུ་འགོད་གལ་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། 2020ལོའི་ཟླ་12པའི་བར། རང་ལྗོངས་ཀྱིས་ཞིང་ཆེན་དང་། གྲོང་ཁྱེར་། རྫོང་བཅས་རིམ་པ་གསུམ་གྱི་ས་གནས་འབྱུང་རབས་ཁག་121རྩོམ་སྒྲིག་ལེགས་སྒྲུབ་བྱས་པ་དང་། ཁག་99དཔེ་སྐྲུན་བྱས་པ། དེ་བྱིངས་ཀྱི་ཁག་22ཚང་མ་དཔེ་སྐྲུན་ཁང་ལ་བསྐྱལ་ཡོད། རིམ་གསུམ་ས་གནས་ཀྱི་ཕྱོགས་བསྡུས་ལོ་ཚིགས་རིགས་82ལོ་རེར་ཐེངས་རེ་བཏོན་པ་དང་ཡོངས་བསྒྲགས་དཔེ་སྐྲུན་བྱས་པ། རེས་སྐོར་གཉིས་པའི་འབྱུང་རབས་ལ་བཟོ་བཅོས་རྒྱག་པའི་འཆར་འགོད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ། ཞིང་ཆེན་དང་། གྲོང་ཁྱེར་། རྫོང་བཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་ལོ་ཚིགས་ཕྱོགས་ཡོངས་ལ་ཁྱབ་ནས། རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི“ཕྱོགས་ཡོངས་གཉིས་ཀྱི་དམིགས་ཚད”ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་འབྱུང་རབས་རྩོམ་སྒྲིག་བཟོ་བཅོས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱ་ཆེད། རང་ལྗོངས་ཀྱིས《〈རྒྱལ་ཡོངས་ཀྱི་ས་གནས་འབྱུང་རབས་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད(2015—2020ལོ་བར)〉ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》དང《〈ས་གནས་འབྱུང་རབས་ལས་དོན་སྲོལ་ཡིག〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་135པ)སོགས་ཀྱི་ཡིག་ཆ་སྔ་རྗེས་སུ་བཏོན་པས། “ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་གཙོ་འགན་འཁུར་བ། ས་གནས་འབྱུང་རབས་སྒྲིག་གཞིས་སྒྲིག་འཛུགས་ལག་བསྟར་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁབ་ངང་ཞུགས་པ”བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཞིག་རིམ་བཞིན་གྲུབ་ཡོད། རང་སྐྱོང་ལྗོངས་ས་གནས་འབྱུང་རབས་གཞུང་དོན་ཁང་གིས་དུས་ཐོག་ཏུ་ལས་འགན་ཞིབ་ཚགས་སུ་བཏང་ནས་འགན་འཁྲི་ནན་དུ་གཏོང་བ་དང་། དཔུང་ཁག་ཧྲག་འདེམས་བྱས་ནས་གསོ་སྐྱོང་ལ་སྣང་ཆེན་བྱེད་པ། ལས་ཡུན་ལྡོག་སྒྲིག་བྱས་ནས་ལས་རིམ་གསལ་འགོད་བྱེད་པ། འགག་སྒོ་ནན་དུ་བཏང་ནས་སྤུས་ཚད་འགན་ལེན་བྱེད་པ་བཅས་དང་ཆབས་ཅིག སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ས་གནས་འབྱུང་རབས་ཁོངས་གཏོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་བརྟེན་ནས་དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་མ་ཟད་གནད་དོན་ཤེས་རྟོགས་དང་ཐག་གཅོད་ཀྱང་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་བ་དང་། “འཇུག་པ་གཅིག”དང“དམིགས་སར་འབྱོར་བ་བརྒྱད”ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འབྱུང་རབས་ལོ་ཚིགས་རྩོམ་སྒྲིག་རིམ་པ་དེ་ག་དང་སྡེ་ཚན་དེ་གའི་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་སྟེ་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྩོམ་སྒྲིག་བྱས་པའི་འབྱུང་རབས་ལོ་ཚིགས་ཀྱི་ནང་དོན་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས། མཐའ་སྟོབས་སོགས་དང་འབྲེལ་བ་ཡོད་པ་དང་། ཁྱབ་ཁོངས་ཏང་དོན་སྲིད་དོན་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས། སྲིད་ཁྲིམས་དམག་དོན། མང་ཚོགས་ཚོགས་པ་དང་མི་རིགས་ཆོས་ལུགས། སློབ་ལུས་རིག་འཕྲོད། ཞིང་འབྲོག་ནགས། འགྲིམ་འགྲུལ་ནུས་རྒྱུ། སྦྲག་སྲིད་འཕྲིན་གཏོང་། དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར། ནོར་ཁྲལ་དངུལ་རྩ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཆུ་བེད་གནམ་གཤིས། བཟོ་ཚོང་ངལ་རྩོལ་སོགས་ལས་རིགས་ཁག་ལ་ཁྱབ་པ་དང་། ས་ཁོངས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། རྫོང(ཆུས)ཁག་དང་འབྲེལ་བ་ཡོད་པས། པར་རིས་དང་། དཔེ་གཞི། མདོར་བཤད། འབྱུང་རབས། མི་སྣ། ཟིན་བཀོད། དཔེ་རིས། ཞར་བྱུང་། དཀར་ཆག་སོགས་འབྱུང་རབས་ཀྱི་གྲུབ་ཆ་གཞིར་བཟུང་། བོད་ཀྱི་ས་གནས་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་ཚུལ། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོཌ་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”རླབས་ཆེན་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་འོད་སྟོང་འབར་བའི་རྗེས་ཤུལ་ཕྱོགས་ཡོངས་དང་། ཡང་དག དངོས་ཡོད་བཅས་ཀྱི་སྒོ་ནས་མངོན་པར་བྱས་ཡོད།

ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང(ལྗོངས་ས་གནས་འབྱུང་རབས་གཞུང་དོན་ཁང)གི་ཀྲུའུ་རེན་དབང་ཏེ་ཅུན་གྱིས། ས་གནས་འབྱུང་རབས་རིག་གནས་ནི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་འབྱུང་ཁུངས་གལ་ཆེན་དང་། མི་སེམས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་གལ་ཆེན། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐུན་བྱེད་པའི་རམ་འདེགས་གལ་ཆེན་རེད་ཅེས་བརྗོད་པ་རེད།