《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月02日

ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

2020ལོར་རང་རྒྱལ་གྱི་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་7700བཏང་བ།

2020ལོར་རང་རྒྱལ་གྱི་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

སྒོར་དུང་ཕྱུར་7700ཟིན་པ་དང་དེས་མ་འཇོག་བརྟན་པོ་དང་འཕར་རྒྱུ་འགན་ལེན་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་བྱེད་པའི་ཐད།

ཆུ་བེད་པུས་ས་གནས་ཁག་གིས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་དངུལ་ཁང་གི་དངུལ་བུན་བེད་སྤྱོད་ཧུར་ཐག་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་བཏང་ཞིང་།

2020ལོར་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དོན་འཁྱོལ་བྱས་པའི་གཞི་ཁྱོན་སྒོར་དུང་ཕྱུར་1509ཟིན་པ་དེ་2019ལོར་དོན་འཁྱོལ་བྱས་པའི་གཞི་ཁྱོན་གྱི་ལྡབ་6ཙམ་ཡིན།

ཆུ་བེད་སྡེ་ཚན་གྱིས་ཆུ་བེད་ལས་གྲྭ་གལ་ཆེན་ལ་དམ་འཛིན་ཧུར་ཐག་བྱས་པས། ལས་འགོ་ཚུགས་པའི་གྲངས་འབོར་ལོ་རྒྱུས་ཐོག་མང་ཤོས་ཡིན་པ་དང་མ་དངུལ་འཇོག་པའི་གཞི་ཁྱོན་སྒོར་དུང་ཕྱུར་1700ལྷག་ཙམ་ཟིན་གྱི་ཡོད་པ་རེད།