《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月02日

ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས།

མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སྡེ་ཁུལ་ དུ་སྤེལ་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་31ཉིན་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ལྗོངས་མི་རིགས་ལས་དོན་ཁོངས་གཏོགས་ཀྱིས་ལྷ་སར་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་མི་སྣ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཐུས་མི། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཐུས་མི་བཅས་ལ་འཚམས་འདྲི་བྱས་ཏེ། 2021ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སྡེ་ཁུལ་དུ་སྤེལ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག 2021ལོ་ནི་གོ་སྐབས་དང་། འགྲན་སློང་གིས་ཁེངས་པའི་ལོ་ཞིག་ཡིན་པ་དང་ལྷག་པར་དུ་མི་རིགས་ལས་དོན་ངོས་ནས་བརྗོད་ན་འགན་འཁྲི་ཧ་ཅང་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད་པས། དེ་བས་སྙིང་སྟོབས་ཆེར་སྐྱེད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཁྲོད་ཞུགས་ཏེ། ལས་ཀའི་སྤྱོད་ཚུལ་བཟང་པོ་དང་ལས་ཀའི་སྤྲོ་སེམས་ཆེན་པོར་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་ཞུགས་མི་སྣས་གོམ་སྟབས་རྗེས་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས། མི་རིགས་ཁག་དབར་གྱི་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་ཁྲ་ཆིལ་ལེར་བཞད་པ་བྱེད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བསྟན་བློ་དང་སྒྲོན་ལགས་ཀྱིས་ཞུས)