《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月02日

2021ལོའི་ལྗོངས་ཡོངས་ཀྱི་སྤྱི་བདེ་ཁྲུའུ(ཅུས) ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཟླ་1ཚེས་29ཉིན་2021ལོའི་ལྗོངས་ཡོངས་ཀྱི་སྤྱི་བདེ་ཁྲུའུ(ཅུས)ཀྲང་གི་ཚོགས་འདུ་ལྷ་སར་འཚོཌ་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་། སྤྱི་བདེ་པུའུ་ཏང་ཨུད། ལྗོངས་ཏང་ཨུད་བཅས་ཀྱི་ཚོགས་འདུའི་དགོངས་དོན་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞིར”ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་རྒྱུར་དམིགས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། ཉེན་ཁ་ཆེ་གྲས་འགོག་སེལ་དང་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་བདེ་འཇགས་བརྟན་ལྷིང་ལས་དོན་ཡག་པོ་བསྒྲུབ་རྒྱུ་གཙོ་རྐང་དུ་བྱེད་པ་བཅས་བྱས་ནས། སྤྱི་བདེ་ལས་ཁུངས་ཀྱི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་སྤུས་ཚད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། པ་ཚེ་དང་བསྟན་བཟང་གིས་ཞུས)