《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月31日

སྦྲུམ་མས་ཕྲུ་གུ་མ་སྐྱེས་གོང་བསམ་བློའི་གྲ་སྒྲིག་གང་ཞིག་བྱེད་དགོས་སམ།

མི་མང་པོ་ཞིག་གིས་ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ལ་རྒྱུས་མངའ་དེ་ཙམ་མེད་པས་ཕྲུ་གུ་དམར་འབྱར་དེ་ཚོ་གང་འདྲ་བྱས་ནས་སྐྱེ་བར་བསམ་ཚོད་བྱེད་ཁག་པོ་ཡོད། དེར་བརྟེན་སྦྲུམ་མ་མང་པོ་ཞིག་གིས་ཕྲུ་གུ་སྐྱེ་བར་དངངས་སྐྲག་ཆེན་པོ་བྱེད་ཀྱི་ཡོད།

ཕྲུ་གུ་སྐྱེ་བ་ནི་སྦྲུམ་མའི་སྐྱེ་ལམ་ཁ་ཕྱེ་ནས་ཕྲུ་གུ་དམར་འབྱར་སྐྱེ་ལམ་བརྒྱུད་སྐྱེ་གི་ཡོད། དེར་བརྟེན་བརྒྱུད་རིམ་དེའི་ནང་སྦྲུམ་མར་ན་ཟུག་དྲག་པོ་གཏོང་བ་སྨོས་ཅི་དགོས། ཕྲུ་གུ་སྐྱེ་སྐབས་ན་ཟུག་གཏོང་བ་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པ་དང་དེའི་ན་ཟུག་ནི་རྨས་སྐྱོན་ཕོག་པ་དང་ནད་གཞིའི་ན་ཟུག་དང་རྩ་བའི་ཐོག་ནས་འདྲ་གི་མེད། གལ་སྲིད་སྦྲུམ་མ་དངངས་སྐྲག་ཆེན་པོ་སྐྱེས་པ་དང་དབང་རྩ་གཙོ་བོའི་ཚོར་སྣང་ཧ་ཅང་སྐྱེན་པོ་ཡོད་ཚེ། ན་ཟུག་དེ་བས་ཆེ་བ་ཡོད་པས་ཕྲུ་གུ་སྐྱེ་སྐབས་དངངས་སྐྲག་མི་བྱེད་པར་སེམས་ལྷོད་པོར་བསྡད་ཚེ་ན་ཟུག་དེ་ཙམ་ཆེན་པོ་གཏོང་གི་མེད།

སྤྱིར་ན་དངངས་སྐྲག་ལངས་ཚེ་ཤ་གནད་མཁྲེགས་པོར་གྱུར་ནས་སྐྱེ་ལམ་ཁ་བྱེ་བདེ་པོ་མེད་པས་ཕྲུ་གུའང་བདེ་བླག་ངང་བཙའ་ཐུབ་ཀྱི་མེད་པ་དང་ན་ཟུག་ཀྱང་དེ་བས་ཆེ་བ་ཡོད། གལ་སྲིད་སེམས་ལྷོད་པོར་བསྡད་ཚེ་ཤ་གནད་ཀྱང་མཉེན་པོར་གྱུར་ནས་ཕྲུ་གུ་སྐྱེ་བདེ་པོ་ཡོད།

དེར་བརྟེན་ཕྲུ་གུ་མ་སྐྱེས་གོང་སེམས་ལྷོད་དང་མ་ལྷོད་དེ་ཕྲུ་གུ་སྐྱེ་སྐབས་ཀྱི་ན་ཟུག་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། སྦྲུམ་མ་ཚང་མས་ཕྲུ་གུ་བཙའ་བའི་བརྒྱུད་རིམ་དེར་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་པ་དང་ཕྲུ་གུ་མ་སྐྱེས་གོང་དངངས་སྐྲག་འཇགས་ཚེ་ཕྲུ་གུ་སྐྱེས་རྗེས་གཟུགས་པོ་གང་མགྱོགས་གསོ་བར་ཕན་པ་ཆེན་པོ་ཡོད། མདོར་བསྡུས་ནས་བརྗོད་ན། བསམ་བློའི་གྲ་སྒྲིག་ཡོད་མེད་དང་ཕྲུ་གུ་བདེ་བླག་ངང་སྐྱེ་ཐུབ་མིན་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་རེད།