《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月30日

ཆབ་མདོ་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི“སྐབས་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་ཕུལ་བྱུང་ལག་བསྟར་དཔེ་མཚོན་འཚོལ་བསྡུ་འགྲེམས་སྟོན་བྱེད་སྒོའི”ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་པ།

འདི་ནི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྣ་མཁར་ལྷ་མོ་ཚོགས་པས་ལྷ་མོ་འཁྲབ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཀྲུང་གོ་གཞོན་ནུ་དྲ་བས་རིག་གནས་དང་ཡུལ་སྐོར་པུའུ་ཡི་རྒྱབ་སྐྱོར་འོག 2020ལོའི་སྐབས་གཉིས་པའི“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”ཕུལ་བྱུང་ལག་བསྟར་དཔེ་མཚོན་འཚོལ་བསྡུ་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་གྱི“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོར་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་ཕུལ་བྱུང་ལག་བསྟར་དཔེ་མཚོན་འཚོལ་བསྡུ་འགྲེམས་སྟོན་བྱེད་སྒོའི”ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་པ་རེད།

མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“མངོན་མིན་རིག་གནས་ཤུལ་བཞག་ཁྲོད་ཀྱི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ལ་ཁྱབ་གདལ་གཏོང་བའི”རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་2017ལོར་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བརྒྱུད་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་ཆབ་མདོའི་སྐོར་བྲོ་དང་། སྟེང་ཆེན་གྱི་རལ་པ། སྨར་ཁམས་ཀྱི་པི་ཝང་ཞབས་བྲོ། སྨར་ཁམས་ཀྱི་པི་ཝང་རྒྱུད་གསུམ་མའི་ཞབས་བྲོ་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་བྲག་གཡབ་བྱམས་མདུན་གྱི་ལྷ་མོ་དང་། རི་བོ་ཆེའི་རི་པ་དགོན་གྱི་གླིང་བྲོ་དང་། རྫོང་དང་ཆུས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་གོ་འཇོའི་བྲོ། འཇོ་མདའ་ཡི་ཕུ་རིང་ཞབས་བྲོ་བཅས་ཆབ་མདོའི་ས་གནས་དེ་གའི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་གར་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་8སྒྲིག་བཟོ་དང་བསྡུ་སྒྲིག་བྱས་པས། བོད་ཤར་རྒྱུད་ཀྱི་གླུ་གར་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱང་བསྒྲགས་ལུས་རྩལ་ཞིག་ཏུ་གྲུབ་ཡོད་པ་རེད།