《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月30日

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ།

སྔོན་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་བརྒྱ་དང་བཞི་བཅུ་ལྷག་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་28ཉིན་གནས་ཚུལ་འབྱོར་གསལ། 2021ལོའི་དཔྱིད་གསར་སྐྱེལ་འདྲེན་ཚེས་28ཉིན་ནས་འགོ་ཚུགས་ཤིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་སྤེལ་བའི་གནས་ཚུལ་གཞིར་བཟུང་། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་28ཉིན་ནས་ཟླ་3ཚེས་8ཉིན་བར་ཡིན་པ་དང་། དུས་ཡུན་ཉིན་40ཡི་ནང་འགྲུལ་པ་མི་ཐེངས་ཁྲི་140སྐྱེལ་འདྲེན་བྱ་རྩིས་ཡོད་པ་རེད། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་མཚོ་བོད་ཚོགས་པ་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ། སྤ་སེ་འཚོང་བ་དང་སྤ་སེ་ཕྱིར་སློག་པའི་ཞབས་ཞུར་ལེགས་སྒྲིག་འོས་འཚམ་བྱས་ཡོད་པ་རེད།

འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་དྲ་ཚིགས་12306ནས་སྤ་སེ་འཚོང་བའི་ཞབས་ཞུའི་དུས་ཚོད་ཉིན་ལྟར་གྱི་ཆུ་ཚོད་5:00ནས་23:30བར་རིང་དུ་བཏང་བ་དང་། དྲ་ཚིགས་12306དང་དྲ་གཤམ་སྐར་ཁུང་གཉིས་ཀ་ནས་མེ་འཁོར་གྱི་སྤ་སེ་བརྗེ་ཆོག་ལ། དྲ་ཐོག་ནས་ད་དུང་ཉིན་དེའི་ཆུ་ཚོད་24གོང་གི་མེ་འཁོར་སྤ་སེ་གཞན་དག་ལ་བརྗེ་ཆོག དྲ་ཐོག་ནས་དུས་གང་རུང་ལ་སྤ་སེ་སློག་ཆོག་པ་དང་ཆབས་ཅིག་སྤ་སེ་སློག་མཚམས་འཇོག་པའི་དུས་ཚོད་དེ་མེ་འཁོར་མ་ཐོན་གོང་བར་ནར་འགྱངས་བྱས་ཡོད། དངུལ་སྨར་གྱིས་སྤ་སེ་ཉོས་པ་དང་གྲོན་དངུལ་རྩིས་ཞུའི་དཔང་འཛིན་ཡོད་པའི་འགྲུལ་པས་དྲ་ཚིགས་12306ནས་སྤ་སེ་སློག་པའི་འགྲོ་ལུགས་སྔོན་ལ་གཉེར་ཆོག་པ་དང་། ཉིན་180ཡི་ནང་རྒྱལ་ཡོངས་ཀྱི་ལྕགས་ལམ་ས་ཚིགས་གང་རུང་ཞིག་ནས་སྤ་སེ་སློག་དངུལ་ལེན་ཆོག་པ་རེད། མེ་འཁོར་བབས་ཚུགས་ཀྱི་རང་འདོད་སྤ་སེ་ཚོང་སའི་སྒྲིག་ཆས་ལ་སྤ་སེ་སློག་པའི་ནུས་པ་གསར་དུ་བསྣན་ཡོད་པ་མ་ཟད། ད་དུང་ཉིན་མཚན་མེད་པར་གཉེར་ཆོག

འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་པའི་དགོས་མཁོར་གཞིགས་ནས་མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་གཅིག་སྡུད་ཀྱི་ཟི་ལིང་ནས་གོར་མོ་བར་དང་། ཟི་ལིང་ནས་ལྷ་ས་བར་དུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ་དང་། གོར་མོ་ནས་གཏེར་ལེན་ཁ་སོགས་འགྲུལ་པ་མང་བའི་ཕྱོགས་སུ་དུས་ཐོག་ཏུ་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་ནས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ཡོད།

རྒན་རྒོན་དང་དྲ་བར་ཞུགས་མི་ཤེས་པའི་ཚོགས་སྤྱིར་ཞབས་འདེགས་ཡག་པོ་ཞུ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་སྐར་ཁུང་ནས་སྤ་སེ་འཚོང་བ་དང་། མི་ཐབས་ཞབས་ཞུའི་ཁྲིད་སྟོན། མི་ཐབས་ལ་བརྟེན་ནས་སྤ་སེ་བཤེར་བ་བཅས་བྱས་པ་མ་ཟད། སྐར་ཁུང་ཚང་མ་ནས་དངུལ་སྨར་གྱིས་སྤ་སེ་ཉོ་ཆོག 12306མ་ལག་གིས་ལོ་60ཡན་གྱི་རྒན་རྒོན་འགྲུལ་པར་རང་འགུལ་ངང་མེ་འཁོར་ཉལ་ཁྲི་འོག་མ་བཀོད་སྒྲིག་བྱས་ནས་རྒན་རྒོན་སོགས་དམིགས་བསལ་གཙོ་གནད་འགྲུལ་པའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད་པ་རེད།