《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月16日

ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དྲ་བ་བསྐྲུན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི“མྱུར་ལམ”བཏོད་པ།

—— “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་བོད་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

མྱུར་བགྲོད་གཞུང་ལམ་གཉིས་ལེགས་པར་བསྐྲུན་པ།

ཏང་ཀྲུང་དབྱང་གི་དམིཌ་བསལ་སྲིད་ཇུས་ཀྱི་ཐུཌ་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་དང་། མི་རིཌ་མཐུན་སྒྲིལ་ཡར་ཐོན། མཐའ་མཚམས་ཡུན་རིང་བདེ་འཁོད། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།

རང་ལྗོངས་ཀྱི་རང་བྱུང་ཆ་རྐྱེན་ཞན་པས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དཀའ་ཚེགས་ནང་ས་ལས་ཆེ་བ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་འགྲིམ་འགྲུལ་མི་སྣས“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་སྣེ་ཁྲིད་འོག་འགག་སྒྲོལ་དཀའ་སེལ་བྱས་པས་མྱུར་བགྲོད་གཞུང་ལམ་གཉིས་ཚབ་མཚོན་དུ་བྱས་པའི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ཐད་དུ་ཚད་བརྒལ་ཆེན་པོ་མངོན་འགྱུར་བྱུང་ཡོད། ལྷ་ས་ནས་ཉིང་ཁྲི་བར་དང་། གོང་དཀར་ནས་རྩེད་ཐང་བར། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། ཆབ་མདོ་ནས་ལྕགས་ཁ་བར། ཡངས་པ་ཅན་ནས་ལྷ་ས(མྱུར་བགྲོད)བར་གྱི་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་རིམ་པ་དང་པོ་ཡན་གྱི་གཞུང་ལམ་ལམ་ཚད་སྤྱི་ལེ་1000ཟིན་ཞིང་། ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་11.58ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་སྤྱི་ལེ་ཁྲི་3.74མང་དུ་ཕྱིན་ལ། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་688ཟིན་པ་དང་། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་47.7%འཕར་ཡོད།

“གྲོང་གསེབ་ལམ་ཡག་པོ་བཞི”ལེགས་པར་བསྐྲུན་པ།

ལོ་ལྔའི་རིང་། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3123ལག་བསྟར་བྱས་པའི་ནང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་དུ་བསྐྲུན་ཏེ་ཤང་དང་གྲོང་རྡལ་286དང་། སྒྲིག་ཚུད་གྲོང་ཚོ་2905 ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་391བཅས་ཀྱི་གཞུང་ལམ་འབྲེལ་མཐུད་གནད་དོན་ཐག་གཅོད་བྱས་ཡོད། 2020ལོའི་ཟླ་9པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར་100%དང་99.82%ཟིན་པ་དང་། ཤང་དང་གྲོང་རྡལ་613དང་སྒྲིག་ཚུད་གྲོང་ཚོ་3717ལ་སོ་སོར་ཨར་འདམ་ལམ་འདིང་ཚད་88%དང་68%ཟིན་ནས་ལོ་གསུམ་གྱི་སྔ་སྣུར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་འགོད་དམིགས་ཚད་ལེགས་གྲུབ་ཟིན་པ་རེད། 2020ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཨར་འདམ་ལམ་འདིང་ཚད་སོ་སོར་95%དང་75%ཟིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་རྫོང་མཐའ་མ་སྟེ། མེ་ཏོག་རྫོང་དུ་ཨར་འདམ་ལམ་བཏིངས་པ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཤང་དང་གྲོང་རྡལ་མཐའ་མ་སྟེ། མེ་ཏོག་རྫོང་དགའ་ལྡན་ཤང་དུ་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

སྐྱེལ་འདྲེན་ཞབས་འདེགས་ཧ་ཅང་ལེགས་སུ་ཕྱིན་པ།

རང་ལྗོངས་ཀྱི་ལམ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་སྐྱེལ་འདྲེན་ལས་རིགས་ཀྱང་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་ལྗོངས་ཕྱི་ནང་གི་མང་ཚོགས་ཚོས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཕེལ་རྒྱས་ལས་བྱུང་བའི་འགྲོ་སྐྱོད་སྟབས་བདེ་ལོངས་སྤྱོད་ཐུབ་ཡོད་ལ། ད་དུང་དྲ་སྦྲེལ་དུས་རབས་ཀྱི་གསར་དར་ཚོང་ལས་ལས་སྟེགས་བརྒྱུད་དེ་རང་ལྗོངས་ཀྱི་ས་གནས་ཁག་གི་ཁྱད་ལྡན་བཟའ་བཅའ་དང་། བཟོ་རྩལ་ཐོན་རྫས། གྱོན་གོས་ལྷམ་ཞྭ་སོགས་དེང་རབས་ཟོག་འགྲེམས་བརྒྱུད་གངས་ལྗོངས་ས་མཐོ་ནས་རྒྱལ་ཡོངས་ས་གནས་ཁག་གི་མཁོ་མཁན་ཚོའི་ལག་ཏུ་འབྱོར་གྱི་ཡོད།

འགྲོ་ལམ་འགྲུལ་སྐྱེལ་ལས་རིགས་འཕེལ་རྒྱས་ཐད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ལྗོངས་ཡོངས་སུ་འགྲོ་ལམ་འགྲུལ་སྐྱེལ་གཉེར་སྐྱོང་ཚོང་དུད་63ཡོད་པར་ཁྱོན་འགྲུལ་སྐྱེལ་རླངས་འཁོར་4756ཡོད་པ་དང་། རིམ་རྩིས་བྱས་ན་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་443བཏོད་ཡོད། ད་དུང་རིམ་པ་ཅན་གྱི་འགྲུལ་སྐྱེལ་ས་ཚིགས་ཁྱོན་70བསྐྲུན་ཡོད་པ་རེད།