《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月07日

མི་སྒེར་གྱི་ཐོ་འགོད་རིག་ནུས་རང་འགུལ་ཞིབ་མཆན་མ་ལག་དྲ་ཐོག་ཏུ་ཚོད་ལྟར་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟག་རྩེ་ཆུས་སུ་སྒེར་གཉེར་བཟོ་ཚོང་དུད་ཚང་གིས“རིག་ནུས་ཞིབ་མཆན”ཐོ་འགོད་བྱེད་པའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་ཏེ། ས་གནས་གཉིས་ཀྱིས་མི་སྒེར་གྱི་ཐོ་འགོད་རིག་ནུས་རང་འགུལ་ཞིབ་མཆན་མ་ལག་དྲ་ཐོག་ནས་དུས་མཚུངས་སུ་གཉེར་འགོ་ཚུགས་པ་རེད། མ་ལག་དེ་དྲ་ཐོག་ནས་གཉེར་བའི་དམིགས་ཡུལ་ནི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ཞིབ་མཆན་གྱི་ལས་ཕྱོད་དང་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་མི་སྒེར་གྱི་ཐོ་འགོད་དེ་བས་སྟབས་བདེ་རུ་གཏོང་ཆེད་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མི་སྒེར་གྱི་ཐོ་འགོད་རིག་ནུས་རང་འགུལ་ཞིབ་མཆན་མ་ལག་གིས“ཐོ་འགོད་ཐད་ཆ་རྐྱེན་མེད་པ་དང་། རེ་ཞུའི་ཐད་དཔྱད་གཞི་མི་དགོས་པ། ཞིབ་མཆན་ཐད་མི་ཐབས་ལ་རྟེན་མི་དགོས་པ། ཉར་ཚགས་ཐད་ཤོག་བུ་མི་དགོས་པ”བཅས་ཀྱི་ཞབས་འདེགས་ཞུ་ཐབས་སྤྱད་དེ་བརྒྱུད་རིམ་ཧྲིལ་པོར་སྒུག་དགོས་ཀྱི་མེད། རེ་ཞུ་བྱེད་མཁན་གྱིས་ཐོབ་ཐང་ལག་ཁྱེར་ཁྱེར་ཏེ་རང་འགུལ་ཞབས་ཞུའི་མཐའ་སྣེར་གདོང་བཤེར་ངོས་འཛིན་དང་རང་དགར་ཆ་འཕྲིན་བདམས་རྗེས་འབྲེལ་ཡོད་ཡིག་ཆ་རང་འགུལ་ངང་གྲུབ་པ་དང་། མ་ལག་གིས་རང་འགུལ་ངང་ཞིབ་མཆན་འགོད་པ། ཚོང་གཉེར་ལག་ཁྱེར་རང་འགུལ་ངང་པར་སློག་རྒྱག་པ། ཡིག་ཚགས་རང་འགུལ་ངང་ཡིག་ཚགས་ནང་འཇུག་པ་བཅས་བྱས་ཏེ་མགྱོགས་ཤོས་ལ་སྐར་མ་5ཡི་ནང་ལག་ཁྱེར་ལེན་ཐུབ་ནས་བརྒྱུད་རིམ་ཧྲིལ་པོར་ཐུག་འཕྲད་བྱེད་དགོས་ཀྱི་མེད། “འཕྲུལ་ཆས་ཀྱིས་མིའི་ཚབ་བྱེད་པའི”བྱེད་ཐབས་གསར་གཏོད་ཀྱིས་སྤྱད་པ་དེས་མང་ཚོགས་ཚོས་ག་དུས་ཡིན་རུང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཐོ་འགོད་ལས་སྒོ་གཉེར་ཆོག་པ་དང་། ཐོ་འགོད་བྱེད་པའི་དུས་ཡུན་ཆུ་ཚོད5×8ནས7×24བར་དུ་འགྱུར་བར་སྐུལ་འདེད་བཏང་ནས་སྲིད་དོན་ཞབས་འདེགས་ཉིན་365རྒྱུན་མཐུད་གཉེར་ཐུབ་ཡོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)