《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月07日

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་འགྲིམ་འགྲུལ་དྲ་བ་སྔར་བས་ཚགས་དམ་དུ་ཕྱིན་པ།

ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.58ཟིན་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་1ཉིན་གནས་ཚུལ་འབྱོར་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་2515བཏང་བ་དེ་འཆར་གཞི་ལས་སྒོར་དུང་ཕྱུར་127བརྒལ་བ་དང་། དེ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་3.7ཡིན་ཞིང་། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུན་ནོར་ལ་མ་དངུལ་གཏོང་རིང་གི་བསྡུར་ཚད་བཟུང་ཚད་བརྒྱ་ཆ་སུམ་ཅུ་ཡན་ཟིན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སུ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་བ་དང་། ལྗོངས་ཡོངས་ཀྱི་བསྐྲུན་ཟིན་པ་དང་སྐྲུན་མུས་ཀྱི་རིམ་པ་དང་པོ་ཡན་གྱི་གཞུང་ལམ་གྱི་ལམ་ཐག་བསྡོམས་འབོར་སྤྱི་ལེ་1000ཟིན་པ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.58ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་3.74བར་འཕར་བ་དང་། མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་688ཟིན་ཏེ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་འབོར“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་47.7%འཕར་ཡོད།

རང་ལྗོངས་ཀྱི་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པ་དང་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དཀའ་ཚད་ནང་ས་ལས་ཆེ་བ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་འགྲིམ་འགྲུལ་བས“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས་འགག་སྒྲོལ་དཀའ་སེལ་བྱས་ཏེ། “ལམ་གཉིས”མྱུར་བགྲོད་ཅན་ཚབ་མཚོན་དུ་བྱས་པའི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་ཚད་བརྒལ་གལ་ཆེན་བྱུང་ཞིང་། ལྷ་ས་ནས་ཉིང་ཁྲི་བར་དང་། གོང་དཀར་ནས་རྩེད་ཐང་བར།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། ཆབ་མདོ་ནས་ལྕགས་ཁ་བར། ཡངས་པ་ཅན་ནས་ལྷ་ས(མྱུར་བགྲོད)བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་ཡོད།

གཞུང་ལམ་ཡག་པོ་བསྐྲུན་པ་མ་ཟད། ད་དུང་གཞུང་ལམ་བདག་སྐྱོང་ཡག་པོ་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་ལས་གྲྭར་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་98.54བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པ”ལས་262.1%འཕར་བ་དང་། ལམ་ཐག་སྤྱི་ལེ་1058སར་བདག་སྐྱོང་ཉམས་གསོ་ཆེ་འབྲིང་གི་ལས་གྲྭ་ལག་ལེན་བསྟར་བ། ཉེན་ཡོད་ཟམ་པ་474སྒྱུར་བཀོད་བྱས་པ། བདེ་འཇགས་ཚེ་སྲོག་གི་འགོག་སྲུང་ལས་གྲྭ་སྤྱི་ལེ་26786ལག་ལེན་བསྟར་བ་རེད། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་བརྒྱུད། རྒྱལ་ལམ་དང་། ཞིང་ཆེན་ལམ། རིགས་གཉིས་པའི་མཐའ་སྲུང་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་བཅས་བདག་སྐྱོང་དང་། སྲུང་སྐྱོང་། ཐོན་སྐྱེད་བཅས་ཀྱི་འགན་འཁྲིའི་བྱེད་པོ་སྔར་བས་ཁ་གསལ་དུ་ཕྱིན་ཏེ། གྲོང་གསེབ་གཞུང་ལམ་གྱི་ཉིན་རེའི་བདག་སྐྱོང་གྲོན་དངུལ་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་ཡོད། ལྗོངས་ཡོངས་ཀྱི་རྒྱལ་ལམ་དང་ཞིང་ཆེན་ལམ་དང་། གྲོང་གསེབ་གཞུང་ལམ་བདག་སྐྱོང་འཆར་གཞིའི་ནང་འཇུག་ཚད་100%དང་89.7%སོ་སོར་ཟིན་ཞིང་། བདག་སྐྱོང་འཆར་གཞིའི་ནང་བཅུག་པའི་ལམ་ཐག“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་158%དང་32.7%སོ་སོར་འཕར་ཡོད།

ས་མཐོའི་ལམ་དྲ་སྔར་བས་དམ་ཚགས་སུ་དང་གཞུང་ལམ་གྱི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཏེ། གཞུང་ལམ་གང་དུ་སྣུར་བསྲིང་བྱས་ན་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་དང་། ཁྱད་ལྡན་ཐོན་ལས། ཟོག་འགྲེམས་ལས་རིགས་སོགས་དེ་དང་བསྟུན་ནས་དར་རྒྱས་བྱུང་ཡོད། རྒྱལ་ཡོངས་མི་དམངས་ཀྱིས་དོ་ཁུར་བྱེད་པའི་མཐའ་མཚམས་རྫོང་གྲོང་མེ་ཏོག་གི“ས་མཐོའི་ཁེར་ཆགས་གླིང་ཕྲན”གྱི་མཚོན་རྟགས་མེད་པར་གྱུར་པ་མ་ཟད། རྫོང་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་ཡང་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། རྫོང་དེའི་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྫོང་དེའི་ལོའི་ཡུལ་སྐོར་བའི་མི་འབོར་མང་ཤོས་ལ་མི་ཐེངས་ཁྲི་22.75ཟིན་པ་དང་། ཡུལ་སྐོར་ལས་རིགས་ཀྱི་ལོའི་ཡོང་འབབ་མང་ཤོས་ལ་སྒོར་དུང་ཕྱུར་1.67བྱུང་སྟེ། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་ཁག“ལོ་ལྔ་ཚན་བཅུ་གཉིས་པ”ལས་ཧ་ཅང་མཐོ་རུ་ཕྱིན་ཡོད།

ད་ཆ་གངས་ལྗོངས་ས་མཐོའི་ཕྱོགས་བཞི་མཚམས་བརྒྱད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་དྲ་བས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི“སྔོན་ཇུས་དམག་འཐབ”ཡིན་པའི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)