《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月06日

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་ལེན་སྲོལ་ཡིག》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་ལེན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེར་ནན་པོ་གཞིགས་ཏེ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། 2004ལོའི་ཟླ་9པར་ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་ལེན་སྲོལ་ཡིག》ནི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཏང་ཡོན་གྱི་ཁེ་དབང་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། དུས་བབ་དང་། ལས་འགན། བླང་བྱ་བཅས་གསར་པ་གཞིར་བཟུང་ཏང་ཀྲུང་དབྱང་གིས《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་དང་ད་ཐེངས་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག་ཏང་གི་སྒྲིག་ཡིག་རྩ་བའི་བརྩི་སྲུང་ཞུ་སར་བརྩིས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་པ་དང་། ཏང་ཡོན་གྱི་ཁེ་དབང་འགན་ལེན་གྱི་རྩ་དོན་དང་སྤྱིའི་བླང་བྱ་གསལ་པོ་བཟོས་པ། ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་ཁེ་དབང་ཞིབ་ཚགས་སུ་བཏང་བ། འགན་ལེན་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ། ཏང་གི་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་དང་ལས་འགན་ནན་དུ་བཏང་བ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་ཡོན་གྱིས་ཡང་དག་པའི་ངང་ཁེ་དབང་སྤྱོད་རྒྱུ་འགན་ལེན་བཅས་བྱས་པས་རང་རེའི་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་པ་དང་ཏང་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས་ཏང་ཡོན་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། རྒྱ་ཆེའི་ཏང་ཡོན་གྱིས་འོས་འགན་དང་ཁེ་དབང་གི་རྩོད་སྒྲུབ་གཅིག་གྱུར་འབྲེལ་བ་ངོས་འཛིན་དང་ཐག་གཅོད་ཡང་དག་བྱས་ཏེ། ཁེ་དབང་སྤྱོད་སྐབས་ངེས་པར་དུ་འོས་འགན་སྒྲུབ་པ་དང་། འགན་འཁྲི་འཁུར་བ། སྒྲིག་ཁྲིམས་ལ་བརྩི་སྲུང་བཅས་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས《སྲོལ་ཡིག》ལག་བསྟར་བྱེད་པའི་རྩ་འཛུཌ་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་དང་དྲིལ་བསྒྲཌ་ལ་དམ་འཛིན་དང་། འཆར་ཅན་རང་བཞིན་གྱི་ཏང་ཡོན་གྱི་འོས་འགན་དང་ཁེ་དབང་སློབ་གསོ། ཏང་ཡོན་གྱི་ཁེ་དབང་འགན་ལེན་ལས་དོན་གྱི་འགན་འཁྲི་ནན་པོ་སྒྲུབ་པ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཡོན་ལ་རང་རྟོགས་ངང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་མ་གཏོང་དགོས་པ། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་སྐོར་གཟིགས་སྐོར་ཞིབ་ཀྱི་ནང་དོན་དུ་བརྩིས་ཏེ《སྲོལ་ཡིག》གི་གཏན་འབེབས་ཁག་གི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་ལེན་བསྟར་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པ་བཅས་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)