《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月06日

དགུན་དུས་ཀྱི་ཚ་ལུ་མ་འཐུ་བར་བྲེལ།

→ ཉིན་ཤས་གོང་། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་གིས་འདེབས་འཛུགས་བྱས་པའི་ཚ་ལུ་མ་ཐོན་འབབ་ཡག་པོ་བྱུང་ནས་འདེབས་འཛུགས་རྟེན་གཞི་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཚ་ལུ་མ་འཐུ་བ་དང་། རིགས་དབྱེ། དབོར་བ་བཅས་བྱས་ནས་དུས་ཆེན་གྱི་ཁྲོམ་རར་མཁོ་སྤྲོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། རུང་ཅང་རྫོང་གིས་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། ཚ་ལུ་མ་སོགས་སྤུས་ལེགས་ཤིང་ཏོག་རིགས་ཤུགས་ཆེན་བཏབ་པ་རེད། མིག་སྔར་རྫོང་ཡོངས་ཀྱིས་ཚ་ལུ་མ་མུའུ་ཁྲི་4.2འདེབས་འཛུགས་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་དཔལ་འབྱོར་ཡོང་འབབ་མི་དམན་པ་བྱུང་བ་རེད།

འདི་ནི་རུང་ཅང་རྫོང་ཀྲུང་ཁྲང་གྲོང་རྡལ་ཝང་ལིང་གྲོང་ཚོའི་ཚ་ལུ་མའི་རྟེན་གཞིར་ཤིང་ཏོག་འདེབས་མཁན་ཞིང་པས་ཚ་ལུ་མ་ཐུམ་སྒྲིལ་རྒྱག་བཞིན་པ།