《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月06日

དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། དེའི་ཐད་གསར་འགོད་པས་བརྗོད་དོན་གཙོ་བོའི་དགོངས་དོན་ཡིན་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་སྐོར་ལ་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་སྐལ་བཟང་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་གང་ལེགས་སྐོང་བ་ཞིག་དང་། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་འབྲེལ་བ་ཡོད་པ་ཞིག མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་གྱི་བདེ་རྩ་དང་འབྲེལ་བ་ཡོད་པ་ཞིག་བཅས་ཡིན། དཔལ་འབྱོར་གྱི་འགན་ནུས་སྡེ་ཚན་ཡིན་པའི་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རྗེས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། ལས་སྒོའི་ལས་དོན་སྐུལ་འདེད་བཀོད་སྒྲིག་གི་ཚོགས་འདུ། ཏང་ཀྲི་པུའི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་སོགས་ལ་གང་ལེགས་བརྟེན་ནས་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དུས་མཚུངས་སུ་ད་དུང་སློབ་བརྩོན་སྟོབས་ཆེན་རྒྱལ་ཁབ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རང་སྦྱོང་བྱས་ནས་ཐིང་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་མཐོ་རླབས་ཤིག་འཕྱུར་བར་བྱས་ཡོད།

སྐལ་བཟང་གིས། དཔལ་འབྱོར་གྱི་འགན་ནུས་སྡེ་ཚན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་རྒྱུ་མཐའ་འཁྱོངས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་སོགས་ཀྱི་འབྲེལ་ཡོད་འཆར་འགོད་ཞིབ་ཚགས་ངང་བཟོ་བ། དུས་ཡུན་རིང་འབྲིང་གི་འཆར་འགོད་ཀྱིས་བཟོ་ལས་དང་ཆ་འཕྲིན་ཅན་འཕེལ་རྒྱས་ཐད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འཕེལ་རྒྱས་གཏོང་སྟངས་སྒྱུར་བ། བཟོ་ལས་དཔལ་འབྱོར་དང་། གྲངས་འཛིན་དཔལ་འབྱོར། ཆ་འཕྲིན་ཅན་བཅས་ཀྱི་འཛུགས་སྐྱོང་དེ་འཕེལ་རྒྱས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། གཙོ་བོར་གཤམ་གྱི་ཕྱོགས་འགའ་ནས་མཚོན་དགོས།

གཅིག་ནས་གསར་གཏོད་མཉམ་འདྲེས་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱེད་དགོས། གསར་གཏོད་དེ་ཉིད་བཟོ་ལས་དང་ཆ་འཕྲིན་ཅན་འཕེལ་རྒྱས་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཏུ་འཇོག་དགོས་པ་དང་། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དེ་སྣེ་འདྲེན་ཁེ་ལས་ལྗོངས་ཕྱི་ནང་གི་མཐོ་སློབ་དང་ཞིབ་འཇུག་ཁང་དབར་སྔར་བས་ཐོན་ཁུངས་ཀྱི་རྒྱུ་ཆ་བསྡུ་སྒྲིལ་བྱ་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ནས་བང་རིམ་དེ་བས་ཟབ་པ་དང་ཁྱབ་རྒྱ་དེ་བས་ཆེ་བའི་ནང་ཚན་རྩལ་གྱི་ཐོན་ཁུངས་སྤྱི་འདོམས་ཀྱིས་གྲགས་ཆེ་དང་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་གསར་གཏོད་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱིས་གཙོ་བོ་དང་ཁྲོམ་རས་ཕྱོགས་སྟོན་དུ་བྱེད་པའི་ཐོན་སློབ། ཞིབ་སྤྱོད་ཟུང་དུ་འབྲེལ་བའི་ལག་རྩལ་གསར་གཏོད་ཀྱི་མ་ལག་འཛུགས་སྐྱོང་བྱེད་དགོས། ཁེ་ལས་ལ་ལྕག་སྐུལ་བྱས་ཏེ་ཞིབ་སྤེལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་ཁྲིད་སྟོན་བྱས་ནས་རྨང་གཞིའི་ཞིབ་འཇུག་ལ་སྣང་ཆེན་བྱེད་པ། གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་བ་སྐྱེད་སྲིང་བཅས་བྱས་ཏེ་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།

གཉིས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཆགས་པར་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་རྒྱ་ཁྱབ་ཏུ་ཆགས་པར་བྱས་ཏེ་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ལྗང་མདོག་བཟོ་སྐྲུན་ཁྱབ་ཁོངས་འཛུགས་མགྱོགས་སུ་བཏང་ནས་ལྗང་མདོག་བཟོ་སྐྲུན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལྗང་མདོག་ཐོན་རྫས་དང་། ལྗང་མདོག་བཟོ་གྲྭ། ལྗང་མདོག་གླིང་། ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཟད་གྲོན་དམའ་བ་དང་སྦགས་བཙོག་ཉུང་བའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ནུས་རྒྱུ་གཙང་མ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན། རང་བྱུང་འཐུང་ཆུ། བོད་ལུགས་གསོ་རིག ཆ་འཕྲིན་ལག་རྩལ་སོགས་ཀྱི་ཐོན་ལས་སྟོབས་ཆེར་གཏོང་དགོས། བཟོ་ལས་ཀྱི་ནུས་རྒྱུ་གྲོན་ཆུང་བརྟག་དཔྱད་ལ་སྐུལ་འདེད་དང་བཟོ་ལས་ཀྱི་ཆུ་གྲོན་ཆུང་ལ་བརྟག་དཔྱད་བྱས་ཏེ་བཟོ་ལས་ཀྱི་ཆུ་གྲོན་ཆུང་རྣམ་པའི་ཚད་འཛིན་ཁེ་ལས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ་ནས་ཐོན་ལས་ཀྱི་ཞན་ཆ་སེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་ཆུ་ཚད་གསར་པ་མཐོ་རུ་གཏོང་དགོས། ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་བསལ་ཏེ་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ནས་ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཐོན་ལས་འཕེལ་རྒྱས་ཆེད་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་ཐོན་ལས་ཀྱི་ཉེན་འགོག་ནུས་པ་ཆེ་རུ་གཏོང་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་བརྟེན་པ་དང་གླིང་ཁུལ་ལ་གཞི་ཚུགས་ནས། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་རེས་སྐོར་གསར་པའི་བོད་སྐྱོར་གྱི་ལེགས་ཆར་གང་ལེགས་བརྟེན་པ་དང་། མཁོ་ཆེ་བ་དང་སྣེ་ཁྲིད་རྣམ་པའི་ཐོན་ལས་ལ་དམིགས་ཏེ་ཐོན་ལས་ཕྱོགས་སྒྱུར་ལ་འབྲེལ་མཐུད་ཧུར་ཐག་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་དང་། སྨན་རྫས་བཟོ་བ། རང་བྱུང་འཐུང་ཆུ། བཟོ་སྐྲུན་རྒྱུ་ཆ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིགས་ཏེ་ཐོན་ལས་འཁོར་འབྲེལ་གྱི་གནད་སྨིན་ཚོང་འགུགས་བྱེད་པ། རྒྱལ་ནང་གི་གྲགས་ཆེ་དང་ལེགས་ལྡན་ཁེ་ལས་གདན་དྲངས་ཏེ་རང་ལྗོངས་ཀྱི་ཁེ་ལས་དང་མཉམ་ལས་སམ་ཡང་ན་ཁེར་རྐྱང་མ་འཇོག་བྱས་ནས་བྱ་གཞག་གསར་གཏོད་ཀྱིས་ཐོན་ལས་འཁོར་འབྲེལ་གྱི“འགག་གནད”བཤངས་ནས་ཐོན་ལས་འཁོར་འབྲེལ་གྱི“བཅད་ཁ”མཐུད་དགོས།

བཞི་ནས་ཁེ་ལས་ཀྱི་ཞབས་ཞུ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་གཏོད་དགོས། “ཁེ་ལས་ཀྱི་ཞབས་ཞུ་ལེགས་གཏོང་གི་འདུ་འགོད”ལག་བསྟར་བྱེད་དགོས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཁོར་རྒྱུག་ལྟ་སྐུལ་ཚད་ལེན་གྱི་ཞབས་ཞུའི་ལས་དོན་གྱི་ཆེད་དོན་ཚན་ཁག་དང་། “དཔལ་འབྱོར་འཁོར་རྒྱུག་དང་ཁེ་ལས་ཞབས་ཞུའི་ལས་དོན་གྱི་ཆེད་དོན་ཚན་ཁག”“གཙོ་གནད་བཟོ་ལས་ཁེ་ལས་དང་གཙོ་གནད་བཟོ་ལས་རྣམ་གྲངས་ཀྱི་ཞབས་ཞུའི་ཆེད་མིའི་ལས་ཀའི་ལམ་སྲོལ”“ཐིང་འགོ་ཁྲིད་ཀྱི་དམིགས་བཙུགས་འབྲེལ་གཏུག་ས་ཁུལ(གྲོང་ཁྱེར)གྱི་ལམ་ལུགས”སོགས་ཞབས་ཞུའི་ལམ་སྲོལ་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་དགོས། ཁེ་ལས་ལ་ཕན་པའི་སྲིད་ཇུས་དྲིལ་བསྒྲཌ་ལག་བསྟར་གཏིང་ཟབ་བྱས་ནས་རྒྱབ་སྐྱོར་དང་གཟིཌ་སྐྱོང་གི་སྲིད་ཇུས་ཁག་དངོས་འབྲེལ་དོན་འཁྱོལ་ཡོང་བར་ལྟ་སྐུལ་བྱེད་དགོས་ཞེས་བརྗོད་པ་རེད།