《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月06日

དྲ་ཐོག་གི་སློབ་གསོའི་རྣམ་པ་འཁྲུག་ཆ་དོད་པ།

དྲ་ཐོག་གི་སློབ་གསོ་འཕེལ་རྒྱས་དང་བོད་རང་སྐྱོང་ལྗོངས་དང་ཧྥུའུ་ཅན་ཞིང་ཆེན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་དང་པོས་ཧྥུའུ་ཅན་ཞིང་ཆེན་གྱི་སྤུས་ལེགས་ཀྱི་སློབ་འབྲིང་15དང་སློབ་གསོའི་རོགས་སྐྱོར་འབྲེལ་བ་འཛུགས་རྒྱུར་མཐུན་སྦྱོར་བྱས་ཏེ། དེང་རབས་ཆ་འཕྲིན་ལག་རྩལ་གྱི་སློབ་ཚན་འཐུས་སྒོ་ཚང་དུ་བཏང་བ་དང་། སློབ་གྲྭའི་ཚོགས་པའི་བྱེད་སྒོ་ཁག་མང་དུ་བཏང་བ། རྒྱང་ཁྲིད་ཐད་གཏོང་སློབ་གསོ་དང་LEDགློག་རྡུལ་ཆ་འཕྲིན་ཅན་གྱི་སྒྲིག་བཀོད་ཧུར་ཐག་བཙུགས་པ་མ་ཟད། དྲ་རྒྱའི་ལས་སྟེགས་ཀྱི་ནུས་པ་སྤྱད་དེ་སློབ་གྲྭའི་དབར་གྱི་སློབ་ཁྲིད་བྱེད་སྒོ་སྤེལ་ནས་སྲོལ་རྒྱུན་གྱི་སློབ་གསོའི་ཚད་བཀག་མེད་པར་བཟོས་པ་དང་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ་སློབ་མ་ཚོར་གསར་དར་སློབ་ཁྲིད་བྱེད་སྟངས་ཁྲོད་ནས་ཤེས་བྱ་དེ་བས་མང་བ་ཤེས་ཐབས་བྱས་ཡོད།

འདི་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་དང་པོའི་སློབ་མས་དྲ་རྒྱའི་ཐད་གཏོང་སློབ་ཚན་བརྒྱུད་སྤེལ་རེས་སློབ་སྦྱོང་བྱེད་བཞིན་པ།