《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

ལྗོངས་ཡོངས་ཀྱི་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

གནམ་ལོ་གསར་ཚེས་རིང་། ས་མཐོའི་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། མི་ཚང་མ་ཁྱིམ་ནས་དོན་ཏེ་འགྲེམས་སྟོན་ལ་ལྟ་བ་དང་། དཔེ་དེབ་ཁང་དུ་སྐྱོད་པ། ལུས་སྦྱོང་བྱེད་པ་བཅས་ཀྱི་རྣམ་པའི་ཐོག་ནས་ངལ་གསོའི་དུས་ཚོད་ཅི་དགར་རོལ་བ་རེད། འདི་ནི་ཕྲུ་གུ་ཚོས་རྫོང་རྒྱབ་ཀླུ་ཁང་དུ་རྩེད་མོ་རྩེ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་འགན་འཁུར་བ་དང་། གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་གི་འགན་འཁུར་བ། གྲོང་གསེབ་སློབ་གྲྭའི་འགན་འཁུར་བ་སོགས་མི་90ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།

གསོ་སྦྱོང་ཚོགས་འདུའི་ཐོག་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་2020ལོའི་ཟླ་11ཚེས་20ཉིན་བློ་མཐུན་ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གསོ་སྦྱོང་ནང་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པར་དམིགས་ནས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ་རེད།