《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

ཐུམ་འབུའི་ནད་སྨན་བཅོས་བྱས་ནས་དྲག་སྐྱེད་ཐུབ་ཚད་སྐས་རིམ་གསར་པར་སླེབས་པ།

སྔོན་མ་བོད་ནི་ཐུམ་འབུའི་ནད་ཁྱབ་ཚད་ཤུགས་ཆེ་བའི་ས་ཁོངས་ཀྱི་གྲས་ཤིག་ཡིན། བོད་ཀྱིས་2017ལོར་ཐུམ་འབུའི་ནད་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་གཞིའི་གྲས་སུ་བཅུག་སྟེ“བོད་ནས་མི་ཐོན་པ་དང་། སྔོན་མངགས་བྱེད་མི་དགོས་པ། སྒུག་མི་དགོས་པ། སྨན་རིན་མི་དགོས་པ”བཅས་ཐུབ་ཡོད། 2017ལོའི་ལོ་སྨད་ནས་2019ལོའི་ལོ་མཇུག་བར་བོད་དུ་ཐུམ་འབུའི་ནད་ཕོག་པའི་ནད་པ་5057ལ་གཤགས་བཅོས་བྱས་པ་དང་། སྨན་བཟས་ནས་སྨན་བཅོས་བྱ་རྒྱུར་འཚམས་པའི་ནད་པར་གཅིག་གྱུར་ཐོག་སྨན་སྤྲད་ནས་སྨན་བཅོས་བྱས་པ་མ་ཟད། ཤང་འཕྲོད་བསྟེན་ཁང་གིས་བབ་བསྟུན་ངང་ཐོ་འགོད་དོ་དམ་བྱས་པས་ཞིང་འབྲོག་པ་ཁྲི་སྟོང་མང་པོའི་ཚེ་སྲོག་བསྐྱབས་ཐུབ་ནས་ཁྱིམ་ཚང་དེ་དག་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱུང་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་ཁང་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ(གཡོན་གྱི་དང་པོ)དང་། སྨན་པ་རབ་འབྱམས་པ་བཀྲ་ཤིས་ཡོན་ཏན(དཀྱིལ) ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཕུན་ཚོགས(གཡས་ཀྱི་གཉིས་པ) སྨན་དོན་པུའི་ཀྲུའུ་རེན་བདེ་གཡང(གཡས་ཀྱི་དང་པོ)བཅས་ཀྱིས་གཤགས་བཅོས་མ་བྱས་གོང་གྲོས་བསྡུར་བྱེད་བཞིན་པ།