《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月03日

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ།

2020ལོའི་ཟླ་12ཚེས་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ལྷན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི“ཕན་པ་ལྔའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱས་པའི་མྱོང་ཚོར་སྤེལ་རེས་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རེ་རེ་བཞིན་དང་ཕྱག་བཏང་གནང་ནས་ཕན་ཚུན་སྨོན་འདུན་ཞུ་བཞིན་པ།

2020ལོའི་ཟླ་12ཚེས་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ལྷན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི“ཕན་པ་ལྔའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱས་པའི་མྱོང་ཚོར་སྤེལ་རེས་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་1ཉིན་གནས་ཚུལ་འབྱོར་གསལ། 2020ལོའི་ཟླ་12ཚེས་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ལྷན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི“ཕན་པ་ལྔའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱས་པའི་མྱོང་ཚོར་སྤེལ་རེས་གནང་བ་རེད། འདི་ནི་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་དུ་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མི་སྣས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་ཐེངས་བདུན་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ཅང་ཅེ། ཧོ་ཝུན་ཧའོ། ལིའུ་ཅང་། ཝང་ཝུའེ་ཏུང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། རྡོ་རྗེ་ཚེ་སྒྲུབ། ཀྲང་ཡུང་ཙེ། ལུའོ་མེ། འཇམ་དཔལ། ཀྲང་ཧུང་པོ། རེན་ཝུའེ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུ་མ་འཚོག་གོང་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མི་སྣས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རེ་རེ་བཞིན་དང་ཕྱག་བཏང་གནང་ནས་ཕན་ཚུན་སྨོན་འདུན་ཞུས་པ་རེད། ཚོགས་འདུའི་ཐོག་བསོད་ནམས་རིག་འཛིན་གྱིས་ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་སྙན་སེང་ཞུས་པ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་གནང་བ། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རྭ་སྒྲེང་བློ་གྲོས་རྒྱ་མཚོ་འཕྲིན་ལས་ལྷུན་གྲུབ་དང་། ངག་དབང་ཆོས་འཛིན། ཡ་ཀུ། ཐུབ་བསྟན་སྙིང་པོ། ཀུན་བཟང་དབང་འདུས། བཀྲ་ཤིས་དོན་གྲུབ། རྟ་ཐོག་བློ་བཟང་ཡེ་ཤེས། བློ་བཟང་རྒྱལ་མཚན། ཚེ་དབང་མགོན་པོ། ཤེས་རབ་བཟང་པོ་བཅས་ཀྱིས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཕན་པ་ལྔའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱས་པའི་ཕན་འབྲས་དང་མྱོང་ཚོར་ལྷུག་གླེང་གནང་བ་མ་ཟད། ད་དུང་ངོས་འཛིན་གཏིང་ཟབ་དང་འགྱུར་མེད་ཀྱི་རྣམ་འགྱུར་ཐོག་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་། མི་དམངས་ཀྱི་གཙོ་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མངོན་པར་བྱས་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས་བསྟན་དོན། ལོ་ལྔའི་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། “ཁྲིད་སྟོན”ཐད་འབད་བརྩོན་ཧུར་ཐག་བྱེད་པ། ཆོས་ལུགས་ལས་དོན་ལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་དོ་དམ་བྱེད་པ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། སྤྲུལ་སྐུའི་ཡང་སྲིད་དོ་དམ་དྲིལ་བསྒྲགས་དང་སློབ་གསོ་གསོ་སྦྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱས་པས་རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་དང་། རྒྱ་ཆེའི་གྲྭ་བཙུན་གྱི་ཆབ་སྲིད་ཐད་ནས་གཙོ་འཛིན་གྱི་རྗེས་སུ་འབྲང་བ་དང་། བསམ་བློའི་ཐད་ནས་གཙོ་འཛིན་ལ་གོང་བཀུར་ཞུ་བ། བརྩེ་སེམས་ཐད་ནས་གཙོ་འཛིན་དང་ཉེ་བཅར་བྱེད་པ། བྱ་སྤྱོད་ཐད་ནས་གཙོ་འཛིན་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་འགྱུར་མེད་རང་བཞིན་ཟབ་ཏུ་ཕྱིན་ནས་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དེ་བས་བརྟན་དུ་སོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ནང་ཞུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་ཧུར་ཐག་བྱེད་པའི་རྣམ་པ་དེ་བས་ཟབ་ཏུ་སོང་བ། ཚུལ་ཁྲིམས་བསླབ་པར་བརྟེན་པ་དང་མཁྱེན་ཡོན་ཟབ་ཏུ་གཏོང་བའི་དགོས་གཏུགས་རང་བཞིན་འཕེལ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་བྱུང་ཡོད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། གྲུབ་འབྲས་དེ་དག་ཐོབ་པ་ནི་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་དོན་དུ་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན། རིམ་པ་ཁག་དང་སྡེ་ཚན་ཁག་དང་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་བསམ་ཤེས་རྒྱབ་སྐྱོར་དང་། གཞོགས་འདེགས་ཧུར་ཐག ཐུན་མོང་འབད་བརྩོན་བཅས་བྱས་པ་ལས་བྱུང་བ་ཞིག་ཀྱང་རེད།

ཝུའུ་དབྱིང་ཅེས་བོད་ཀྱི་ལོ་རྒྱུས་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བབ་ཆགས་པའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་དང་། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་གོ་རིམ་ལྡན་པའི་ངང་གསེད་བཀྲོལ། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་འཕེལ་རིམ་གསེད་བཀྲོལ། “ཕན་པ་ལྔའི”ཕུན་སུམ་ཚོགས་པའི་ནང་དོན་འགྲེལ་བཤད་གཏིང་ཟབ་བཅས་བསྐྱོན་གནང་བ་མ་ཟད། ད་དུང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་གྲྭ་བཙུན་ཚོས་སླད་ཕྱིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་པ་དང་། ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། སྲོལ་བཟང་དར་སྤེལ་གཏོང་བ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་ཡང་གནང་བ་སྟེ།

གཅིག་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་དབར་དབྱེ་བ་ཕྱེ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་དང་མ་རུངས་ཁོག་བཅུག་ལ་ཐེར་འདོན་འགག་རྒྱག་བྱེད་ཕོད་པ་དང་། བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། རང་རྟོགས་ངང་ཁོངས་གཏོགས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་འཁུར་བ། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་སྣེ་ཁྲིད་ནས་དྲིལ་བསྒྲགས་བྱེད་པ། འགག་རྩའི་དུས་སུ་འགན་འཁུར་ཕོད་པ་དང་། ཁ་བསྒྲགས་ཕོད་པ། རལ་གྲི་བཤམས་ཕོད་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་དགོས།

གཉིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་སྦྱོང་དང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། བོད་རྒྱ་མི་རིགས་དབར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་ནི་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་གི་འབྲེལ་བ་ནི་ཁྱིམ་ཚང་ཆེ་མོ་ཞིག་དང་ཁྱིམ་ཚང་འདིའི་ཁོངས་མིའི་དབར་གྱི་འབྲེལ་བ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་ནི་ཁ་འབྲལ་མི་རུང་བའི་ཁྱིམ་གཞིས་དང་། ཁ་ཐོར་མི་རུང་བའི་མི་རིགས། རྒྱུན་ཆད་མི་རུང་བའི་ཤེས་དཔལ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། “མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་རང་ཉིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས།

གསུམ་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་མཐའ་གཅིག་ཏུ་བྱེད་དགོས། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་སུ་ལ་བརྟེན་ནས་བྱུང་བ་གསལ་པོར་ཤེས་པ་དང་ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་གསལ་པོར་ཤེས་པ་བྱས་ཏེ་སྣེ་ཁྲིད་དེ་སྒྲུབ་ཐུབ་པ་མ་ཟད། དད་ལྡན་མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་འབྲེལ། ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱེད་དགོས།

བཞི་ནས་ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་དགོས། ཆོས་ལུགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ཀྱི་གསུང་རབ་པ་བརྩོན་ཞིབ་བྱེད་པ་དང་ཆོས་ལུགས་ཀྱི་ཆོ་ག་ཁོང་དུ་ཆུད་པ། བློ་སྦྱོང་ཉམས་ལེན་ལ་སྣང་ཆེན་བྱེད་པ། ཆོས་ཁྲིམས་འདུལ་ཁྲིམས་ནན་པོ་སྲུང་བ་བཅས་བྱས་ཏེ་གསུང་རབ་ཀྱི་བསྟན་དོན་ནང་བྱན་ཆུད་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བྱང་ཆུབ་པའི་རིམ་པ་མཐོ་བ་དང་བྱང་ཚད་མཐོ་བའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

ལྔ་ནས་དད་ལྡན་མང་ཚོགས་ཀྱིས་གོམས་སྲོལ་བསྒྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། རང་རྟོགས་ངང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་དད་ལྡན་མང་ཚོགས་ཀྱིས་ཡ་རབས་སྲོལ་གསར་འཛུགས་པ་དང་། རང་ཁ་རང་གསོ་དང་དཀའ་སྤྱད་འབད་འཐབ་བྱེད་པ། སེམས་ནུས་གཙོ་བོ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་གཏོང་ཐད་འཇོག་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་དྲིལ་བསྒྲགས་བྱས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། དགོན་པའི་མཐའ་འཁོར་དུ་ཤིང་འཛུགས་རྩྭ་འདེབས་ཧུར་ཐག་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་ནི་ལེ་ལག་ཚང་བའི་འདུ་འགོད་ཅིག་ཡིན་ཞིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཆོས་ལུགས་ལས་རིགས་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་དང་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིལ་སྲོལ་ལམ་སྲོལ་སོགས་ནས་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་ཞིབ་ཕྲའི་འགན་ཁུར་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྒོ་ཁག་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་དྲིལ་བསྒྲགས་ཀྱི་ཁ་ཕྱོགས་སྟངས་འཛིན་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་ཏེ་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དུ་འཇུག་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་ཤུགས་སྣོན་དང་རང་ངོས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་སྲོལ་བཟང་དར་སྤེལ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས། རང་གི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁྲོད་གནས་ཚེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་ངོས་འཛིན་གཏིང་ཟབ་བྱུང་། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ཏེ“ཕན་པ་ལྔ”ཚད་གཞིར་འཛིན་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། དད་ལྡན་མང་ཚོགས་ཀྱིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།