《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月02日

ཁྲའོ་ཧྲན་སྐོར་ལམ་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ།

← ཉེ་ཆར། ཁྲའོ་ཧྲན་སྐོར་ལམ་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་82.23ཡོད་པའི་ཁྲའོ་ཧྲན་སྐོར་ལམ་དེ་ནི་ཚངས་ཕྱེད་དབྱིབས་ལྟར་ཧྲན་ཐོའུ་དང་། ཁྲའོ་ཀྲོའུ། ཅེ་དབྱང་བཅས་གྲོང་ཁྱེར་གསུམ་བརྒྱུད་ཡོད་པ་དང་། ཀོང་ཏུང་ཤར་རྒྱུད་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་བཀོད་པ་སྔར་བས་ལེགས་སུ་ཕྱིན་ཏེ། ཧྲན་ཐོའུ་དང་། ཁྲའོ་ཀྲོའུ། ཅེ་དབྱང་བཅས་གྲོང་ཁྱེར་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་དཔལ་འབྱོར་ཁུལ་དུ་གང་མགྱོགས་མཉམ་འདྲེས་ཐུབ་རྒྱུ་ཡིན་ཞིང་། འདི་ནི་ཧྲན་ཐོའུ་གྲོང་ཁྱེར་ཁྲའོ་དབྱང་ཆུས་སུ་གནས་པའི་ཁྲའོ་ཧྲན་སྐོར་ལམ་གྱི་ཅིན་ཁྲའོ་ཟམ་ཆེན་ཡིན་པ།