《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月30日

ཟངས་རི་རྫོང་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཀྲི་པུས།

སློབ་སྦྱོང་རྣམ་པ་དང་། ཞིབ་འཇུག་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཟངས་རི་རྫོང་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཀྲི་པུས“མཉམ་དུ་དེབ་གཅིག་ཀློག ང་དང་དཔེ་ཀློག་འགྲོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཏང་ཡོན་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་སློབ་སྦྱོང་རྣམ་པ་དང་། ཞིབ་འཇུག་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རེད།

བྱེད་སྒོས“རང་སྦྱོང་དང་མཉམ་སྡེབ་གྲོས་བསྡུར”ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་མངོན་གསལ་ཡོང་བར་བྱས་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་བཏོད་པ་དང་། ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། དཔེ་དེབ་ཀློག་ནས་མིག་རྒྱང་རིང་དུ་གཏོང་བ། བློ་སྦྱོང་ཟབ་ཏུ་གཏོང་བ། སེམས་ཁམས་ལ་ཞུན་བརྡར་བཅས་ལ་སྐུལ་ཁྲིད་དང་། ཏང་ཡོན་ལས་བྱེད་པས་ཡང་དག་པའི་དཔེ་ཀློག་ལྟ་བ་བཙུགས་ནས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་ཤེས་པ་བཅས་ཀྱི་གོམས་གཤིས་འཇགས་པར་བྱས་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་སློབ་སྦྱོང་རྣམ་པ་དང་། ཞིབ་འཇུག་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ཏང་ཀྲི་པུའུ་བཏོད་པ་རེད། ཟངས་རི་རྫོང་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཀྲི་པུས་ཏང་ཡོན་ལས་བྱེད་པར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་གསུམ་པ་དང་། 《ཞི་ཅིན་ཕིང་ཞ་མོན་དུ་བཞུགས་པ》 《ཞི་ཅིན་ཕིང་ཉིང་ཏེ་རུ་བཞུགས་པ》 《སྲིད་གྲོས་ཨུ་ཡོན་གྱི་ཉིན་གཅིག》 《སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་ཕྱོགས་སྟོན》བཅས་དེབ་ལྔ་བདམས་ནས་ཏང་ཡོན་ལས་བྱེད་པས་དཔེ་ཀློག་ནན་ཏན་དང་། ཟིན་བྲིས་ཡག་པོ་འགོད་པ། དཔེ་ཀློག་གི་མྱོང་ཚོར་འབྲི་བ་བཅས་བྱས་ཏེ་དཔེ་ཀློག་ལ་གྲུབ་འབྲས་ཐོབ་པར་བྱས་ཡོད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)