《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月30日

ཟངས་རི་རྫོང་གིས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་བྱས་པ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཟངས་རི་རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་དེའི་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་ཏུ་བསྐྱོད་དེ་ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཕན་ཚུན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་དག་ཐེར་བྱས་ཚུལ་དང་དགུན་དུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་ཚོགས་ཆུང་གིས་དཔྱད་གཞིའི་ཡིག་ཆར་ལྟ་བ་དང་། སྙན་སེང་ཉན་པ། ས་གནས་ས་ཐོག་ཏུ་བརྟག་ཞིབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྔ་རྗེས་སུ་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་བྱས་པ་དང་གྲང་ཕྲེང་ཁྲོམ་ར་དང་ནང་འདྲེན་ཐོན་རྫས་ཀྱི་ལྟ་འདོམས་གནས་ཚུལ་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྒྲིག་བཀོད་དང་མྱུར་སྐྱོབ་རླངས་འཁོར་ཉོ་སྒྲུབ་གནས་ཚུལ། མཉམ་འབྲེལ་ཐོག་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ས་ཚིགས་ཀྱི་སྒྲིག་བཀོད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་ཆུང་གི་ལས་དོན་སྤེལ་ཚུལ་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་ཤེས་རྟོཌ་བྱུང་བའི་གནད་དོན་ལ་ཞིབ་བཤེར་ཚོཌ་ཆུང་གིས་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་ས་གནས་ས་ཐོག་ཏུ་ལན་སྤྲད་ནས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་འཕྲལ་མར་དག་ཐེར་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་དག་ཐེར་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།