《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月30日

“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི“གྲོས་འགོའི”སྐོར་གྱི་བཀྲ་ཤིས་དང་སྒྲོལ་མའི་གླེང་མོལ།

བཀྲ་ཤིས། ཁེ་ལས་གཙོ་བོར་འཛིན་པ་དང་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རྒྱལ་སྤྱིའི་རྒྱུན་སྲོལ་དང་བུ་དོན་རྒྱུན་མཐུད་ཆོག་པའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་སྣ་མང་ཅན་གྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་གོ་བ་ཇི་ལྟར་ལེན་དགོས་སམ།

སྒྲོལ་མ། གཅིག འདི་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་འཕེལ་རྒྱས་ཀྱི་དུས་བབ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

གཉིས། ཁེ་ལས་གཙོ་བོར་འཛིན་པ་དང་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པའི་ལྟེ་བའི་བླང་བྱ་མཐའ་འཁྱོངས་བྱེད་པ་ནི་སྲིད་གཞུང་དང་ཁེ་ལས་དང་། སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་སྔར་བས་ཐག་གཅོད་ཡག་པོ་བྱེད་པ་ཞིག་ཡིན།

གསུམ། སྒྲིག་སྲོལ་ལམ་སྲོལ་མགྱོགས་མྱུར་གསར་གཏོད་བྱས་ནས་བུ་དོན་རྒྱུན་མཐུད་ཆོག་པའི་ནུས་པ་ཆེ་རུ་གཏོང་དགོས།

བཞི། སྣ་མང་ཅན་གྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་འགག་རྩ་དེ་མ་འཇོག་བྱས་པའི་ཚོང་ལས་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་རྒྱུར་ཐུག་ཡོད།

བཀྲ་ཤིས། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་བར་བླང་བྱ་གཙོ་བོ་གང་དག་ཡོད་དམ།

སྒྲོལ་མ། གཅིག ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་སྒྱུར་བཅོས་བྱེད་དགོས།

གཉིས། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་འཇོན་ཐང་ཆེ་རུ་གཏོང་དགོས།

གསུམ། རྒྱལ་གཅེས་ཀྱི་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་དགོས།

བཀྲ་ཤིས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་། ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་ལམ་སྲོལ། ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་དགོས་དོན་གང་ཡིན་ནམ།

སྒྲོལ་མ། གཅིག དེ་ནི་དུས་རབས་གསར་པ་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ལས་ཞུགས་བརྟན་དུ་དང་རྒྱ་ཆེར་གཏོང་བའི་རྨང་གཞིའི་ལས་འགན་ཞིག་ཡིན།

གཉིས། དེ་ནི་བརྒྱུད་རིམ་ལྡན་པའི་འདུ་ཤེས་ཀྱིས་རང་རྒྱལ་གྱི་ལས་ཞུགས་ལམ་ལུགས་གསར་གཏོད་ལ་ཁྲིད་སྟོན་དང་འཆར་འགོད་བྱེད་པའི་རྩེ་རིམ་ཇུས་འགོད་ཅིག་ཡིན།

གསུམ། དེ་ནི“ལོ་ལྔ་ཚན་བཅུ་བཞི་པའི”རིང་དམངས་འཚོའི་བདེ་རྩ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་འགན་ལེན་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན།

བཀྲ་ཤིས། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་ཆེར་གཏོང་བར་གོ་བ་ཇི་ལྟར་ལེན་དགོས་སམ།

སྒྲོལ་མ། གཅིག ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་ཆེར་གཏོང་བ་ནི་རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པོའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན།

གཉིས། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་ཆེར་གཏོང་བ་ནི་དུས་རབས་གསར་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་བརྗོད་གཞིའི་དོན་སྙིང་ཞིག་ཡིན།

གསུམ། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་ཆེར་གཏོང་བ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་འགན་སྲུང་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན།

བཀྲ་ཤིས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་དགོས་དོན་གང་ཡིན་ནམ།

སྒྲོལ་མ། གཅིག དེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་ཕན་ཐོགས་ཡོད།

གཉིས། དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བརྩོན་ལེན་བྱེད་པར་ཕན་ཐོགས་ཡོད།

བཀྲ་ཤིས། སྟབས་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་དོན་གང་ཡིན་ནམ།

སྒྲོལ་མ། གཅིག རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གཏིང་ཟབ་བྱས་པ་ལས་སྤྱི་ཚོགས་འགན་སྲུང་ལམ་ལུགས་ལ་དགོས་མཁོ་གསར་པ་དང་འགྲན་སློང་གསར་པ་འཕྲད་པ།

གཉིས། སྟབས་བསྟུན་ལས་ཞུཌ་མི་སྣ་སྤྱི་ཚོཌ་འགན་བཅོལ་ནང་ཞུགས་པའི་བསྡུར་ཚད་མཐོ་པོ་མེད་པ་དང་འགན་སྲུང་བྱེད་ཚད་མི་འདང་བ།

གསུམ སྟབབ་བསྟུན་ལས་ཞུཌ་མི་སྣའི་སྤྱི་ཚོགས་འགན་སྲུང་ལམ་ལུཌ་འཐུས་སྒོ་ཚང་དུ་གཏོང་དགོས། དེ་ལྟར་བྱས་ན་ལམ་ལུཌ་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོཌ་འགན་སྲུང་གི་བདེ་འཇགས་དྲ་བ་ཚགས་དམ་དུ་གཏོང་བར་ཕན་ཐོགས་ཡོད།

བཀྲ་ཤིས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་དང་ཐབས་ལམ་སྣ་མང་ལ་བརྟེན་ནས་སྟབས་བསྟུན་ལས་ཞུགས་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་རྣམ་པ་གསར་པར་རྒྱབ་སྐྱོར་དང་ཚད་ལྡན་ངང་འཕེལ་རྒྱས་གཏོང་བར་གོ་བ་ཇི་ལྟར་ལེན་དགོས་སམ།

སྒྲོལ་མ། གཅིག ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་དང་ཐབས་ལམ་མང་པོར་བརྟེན་ནས་སྟབས་བསྟུན་ལས་ཞུགས་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་སྟོན་ཕྱོགས་མཐའ་འཁྱོངས་དང་། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོར་གཏོང་བཅས་མངོན་འགྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན།

གཉིས། ལས་ཞུགས་ཀྱི་རྣམ་པ་གསར་པར་རྒྱབ་སྐྱོར་དང་ཚད་ལྡན་ངང་འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་མཚམས་སུ་ཁ་ཕྱོགས་རྗེས་ལས་ཞུགས་ཀྱི་འཕེལ་ཕྱོགས་གསར་པ་དང་བསྟུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན།