《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

ལམ་ཚད་རྡོ་རིང་།

རང་རྒྱལ་གྱིས་ལོར་སྣུམ་རླངས་ཐོན་ཚད་ཏུན་ཁྲི་6000ཟིན་པའི་སྣུམ་རླངས་ཞིང་ས་ཆེ་གྲས་ཤིག་བསྐྲུན་ཟིན་པ།

ཟླ་12ཚེས་27ཉིན་གྱི་ཆུ་ཚོད་10པ་ཙམ་ལ་ཀྲུང་གོ་རྡོ་སྣུམ་ཁྲང་ཆིང་སྣུམ་ཞིང་ཐོན་སྐྱེད་བཀོད་འདོམས་ལྟེ་གནས་ཀྱི་གྲངས་འཛིན་ཅན་གྱི་འཆར་ཤེལ་ལས་མངོན་པར།

འདི་ལོ་སྣུམ་ཞིང་ནས་སྣུམ་རླངས་ཐོན་སྐྱེད་ཀྱི་འཁྱོག་ཐིག་ཏུན་ཁྲི་6000ཟིན་པའི་ཚད་གཞི་མཐོ་པོ་ལས་བརྒལ་ཏེ་ཏུན་ཁྲི་6000.08ཟིན་ཡོད།

མ་བཅོས་རྡོ་སྣུམ་ཏུན་ཁྲི་2451.8ཐོན་སྐྱེད་བྱས་པ་དང་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་445.31ཐོན་སྐྱེད་བྱས་ཡོད།

དེ་ཐོག་ནས་རང་རྒྱལ་གྱིས་ལོར་སྣུམ་རླངས་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི་6000ཟིན་པའི་སྣུམ་རླངས་ཞིང་ས་ཆེ་གྲས་ཤིག་བསྐྲུན་ཟིན་པ་མཚོན་ཡོད།

རང་རྒྱལ་གྱི་རྡོ་སྣུམ་བཟོ་ལས་ཀྱི་ལམ་ཚད་རྡོ་རིང་གསར་པ་ཞིག་དུས་དེ་ནས་ཐོན་ཡོད།

ཨེར་ཏོ་སི་གཤོངས་སར་གནས་པའི་ཁྲང་ཆིང་སྣུམ་ཞིང་ཐོན་སྐྱེད་ཁུལ་ཁོངས་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ། ནང་སོག ཧྲན་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ལ་ཁྱབ་ཡོད།

དེ་ནི་རང་རྒྱལ་གྱི་སྣུམ་རླངས་འབྲེལ་མཐུད་ཁུལ་གལ་ཆེན་ཞིག་ཡིན་ལ་ཀྲུང་གོ་དང་ཨེ་ཤེ་ཡའི་སྣུམ་རླངས་རང་རྒྱལ་གྱི་ཤར་ལྷོའི་མཚོ་རྒྱུད་དུ་འདྲེན་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཀྱང་རེད།

ལོ་50ཡི་ནང་ཁྲང་ཆིང་སྣུམ་ཞིང་གིས་རིམ་རྩིས་ལྟར་ན་རྒྱལ་ཁབ་ལ་སྣུམ་རླངས་ལེགས་སྐྱེས་འབུལ་ཚད་ཏུན་དུང་ཕྱུར་7.6ལས་བརྒལ་ཡོད་པ་རེད།