《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

གཟའ་འཁོར་འདིའི་གནམ་གཤིས།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2020ལོའི་ཟླ་12ཚེས་28ཉིན་ནས་2021ལོའི་ཟླ་1ཚེས་3ཉིན་བར)

གཟའ་ཟླ་བ་ནས་ལྷག་པ་བར་མངའ་རིས་ལ་གངས་ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ནག་ཆུ་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། གངས་བབས་རྗེས་ས་ཆ་དེ་དག་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

གཟའ་མཇུག་ཏུ་ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

གཟའ་འཁོར་འདིའི་ནང་བོད་བྱང་ཐང་ཁུལ་དང་ལྷོ་རྒྱུད་མཐའ་མཚམས་ཀྱི་ས་བབ་མཐོ་བའི་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དུ་ཐོལ་རླུང་རིམ་པ་5ནས་6བར་རྒྱག་རྒྱུ། ཕྱི་དྲོ་ཐལ་རྡུལ་དང་བྱེ་རླུང་ལྡང་སླ།

གཉིས། གྲོས་འགོ

1.གཟའ་འཁོར་འདིའི་གཟའ་ཟླ་བ་ནས་ཕུར་བུ་བར་མངའ་རིས་ས་ཁུལ་དུ་གངས་འབབ་རྒྱུ་དང་དྲོད་ཚད་ཆག་ཚད་མངོན་གསལ་དོད་པོ་ཡོད་པ་དང་། ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བས་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱེད་པ་དང་འབྲེལ་གྲང་འགོག་དྲོད་སྲུང་ཡག་པོ་བྱེད་དགོས།

2.གཟའ་འཁོར་འདིར་ལྷགས་པ་ཆེན་པོ་རྒྱག་པ་དང་སྐམ་ཤས་ཆེ་བས་རྩྭ་ཐང་དང་། ནགས་ཚལ། གྲོང་ཁྱེར་སོགས་ཀྱི་མེ་ཟོན་ལ་ཤུགས་སྣོན་རྒྱག་དགོས།