《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

དིང་རི་རྫོང་མི་དམངས་དྲག་ཆས་པུས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཡོན་ཡོངས་ཀྱིས་ཏང་ཞུགས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་བྱ་ཆེད་ཉེ་ཆར་དིང་རི་རྫོང་མི་དམངས་དྲག་ཆས་པུས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཏང་ཞུགས་དམ་བཅའ་བསྐྱར་འཇོག་གི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། དིང་རི་རྫོང་མི་དམངས་དྲག་ཆས་པུའུ་ཡི་ཏང་ཡོན་དཔོན་དམག་ཡོངས་ཀྱིས་གྲལ་སྟར་འགྲིག་པོས་དམར་མདངས་བཀྲ་བའི་ཏང་དར་ལ་ཁ་ཕྱོགས་ཏེ“ངས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུས་ཏེ་ཏང་གི་རྩ་འཛིན་ལ་གོང་བཀུར་ཞུ་བ་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་རྒྱུ་ཡིན.......”ཞེས་པའི་སྒམ་བརླིང་ལྡན་པའི་དམ་བཅའ་བཞག་པ་རེད། ཏང་ཞུགས་དམ་བཅའ་བསྐྱར་འཇོག་གི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་དཔོན་དམག་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱ་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་པ་རེད།