《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

རང་ལྗོངས་ཀྱི་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་གློག་རྡུལ་ལག་ཁྱེར་ཐོག་མ་ལྷ་སའི་དཔལ་འབྱོར་ལག་རྩལ་གསལ་སྤེལ་ཁུལ་ལ་རག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྨན་དཔྱད་ཟླ་བའི་རྒྱལ་པོའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་འགྲེམས་སྟོན་ཁང་ལ་བོད་ཀྱི་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་གློག་རྡུལ་ལག་ཁྱེར་ཐོག་མ་དེ་རག་ཅིང་། བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་གློག་རྡུལ་ལག་ཁྱེར་ཁྱབ་གདལ་བཏང་བ་དེས་ལག་ཁྱེར་གཉེར་བའི་དུས་ཚོད་གྲོན་ཆུང་དང་ལས་ཕྱོད་ཆེ་རུ་ཕྱིན་ནས“ཐེངས་གཅིག་ཀྱང་སྐྱོད་མི་དགོས་པ”མངོན་འགྱུར་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རེ་ཞུ་བྱས་པའི་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་ལས་དོན་ལ་ཆོག་མཆན་ཐོབ་པ་བརྒྱུད་གློག་རྡུལ་ལག་ཁྱེར་རག་རྗེས་ཤོག་ངོས་ཀྱི་ཆོག་འཐུས་ལག་ཁྱེར་མཁོ་འདོན་བྱེད་དགོས་ཀྱི་མེད། རེ་ཞུ་བྱེད་མཁན་གྱིས་ཞིང་ཆེན་རིམ་པའི་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་དོ་དམ་མ་ལག(དྲ་ཐོག་རེ་ཞུ)ཁེ་ལས་ཀྱི་དྲ་ཚུགས་བརྒྱུད་རེ་ཞུ་དང་ཆོག་མཆན་ཐོབ་མིན་ལྟ་ཆོག་པ་མ་ཟད། རང་དགར་ཕབ་ལེན་དང་པར་སློག་རྒྱག་ཆོག་གི་ཡོད། གློག་རྡུལ་ལག་ཁྱེར་དང་ཤོག་ངོས་ལག་ཁྱེར་གཉིས་ཀྱི་ནུས་པ་གཅིག་པ་ཡིན་པས་བཟའ་བཅའ་གཉེར་སྐྱོང་བྱེད་མཁན་ཚོས་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་གློག་རྡུལ་ལག་ཁྱེར་དེ་གཉེར་སྐྱོང་བྱེད་སའི་གློག་རྡུལ་བརྙན་ཤེལ་ཐོག་སྟོན་ཆོག་ལ་པར་སློག་བརྒྱབ་སྟེ་གཉེར་སྐྱོང་བྱེད་སའི་མངོན་གསལ་དོད་སར་ཡང་བཞག་ཆོག ཆོག་འཐུས་ལག་ཁྱེར་གྱི་ཆ་འཕྲིན་བརྗེ་པོ་བརྒྱབ་རྗེས་གློག་རྡུལ་བརྙན་ཤེལ་དང་པར་སློག་རྒྱག་པའི་ལག་ཁྱེར་དུས་ཐོག་ཏུ་བརྗེ་པོ་རྒྱག་དགོས་པ་ལས་གློག་རྡུལ་ཆོག་འཐུས་ལག་ཁྱེར་རྫུན་བཟོ་དང་། སུབ་བཅོས། བརྒྱུད་བཤུག་བཅས་གཏོང་མི་རུང་། ཁྲིམས་ལྟར་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་མེད་པར་བཟོ་བའི་འགྲོ་ལུགས་གཉེར་ཚེ་གློག་རྡུལ་ཆོག་འཐུས་ལག་ཁྱེར་ཡང་དུས་མཚུངས་སུ་གོ་མི་ཆོད་པར་གྱུར་གྱི་ཡོད།