《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

རང་ལྗོངས་ཀྱི་མིག་མངས་རིམ་ལྡན་འགྲན་ བསྡུར་ལྷ་སར་གཉེར་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རང་ལྗོངས་ཀྱི་2020ལོའི་མིག་མངས་རིམ་ལྡན་འགྲན་བསྡུར་ཚེས་26ཉིན་ལྷ་སར་གཉེར་བ་དང་། ད་ཐེངས་ཀྱི་འགྲན་བསྡུར་ནང་གཅིར་འགྱིག་གི་ཚོགས་པའི་འགྲན་བསྡུར་དང་། གཅིར་འགྱིག་གི་སློབ་གྲྭ་འབྲིང་ཆུང་གི་ཚོགས་ཆུང་། མིག་མངས་ཀྱི་ན་ཆུང་ཚོགས་ཆུང་སོགས་ཀྱི་རྣམ་གྲངས་ཚུད་པས་ལྷ་ས་དང་། ཉིང་ཁྲི། ཆབ་མདོ་སོགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་དེ་བཞིན་དར་མ་ཁྱོན་216འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

སྲོལ་རྒྱུན་གྱི་རོལ་རྩེད་དེར་མིག་མངས་དང་གཅིར་འགྱིག་གཉིས་ལ་དབྱེ་ཞིང་། མིག་མངས་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱ་ཆེད། རང་ལྗོངས་ཀྱིས་2016ལོར་མིག་མངས་མཐུན་ཚོགས་བཙུགས་ཤིང་། 2019ལོར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་མིག་མངས་མཐུན་ཚོགས་ཀྱིས་བསྐྱལ་བའི《མིག་མངས་རིམ་ལྡན་ལག་བསྟར་བྱེད་ཐབས》ལ་ཆོག་མཆན་སྤྲད་པ་དེ་ཐོག་ནས་མིག་མངས་དེ་རིག་གནས་སྲུང་སྐྱོབ་ནས་འགྲན་བསྡུར་ལུས་རྩལ་གྱི་ཕྱོགས་སུ་གོམ་པ་སྤོས་པ་མཚོན་ཐུབ།

“མིག་མངས་ལ་རིམ་པ་བཟོས་ནས་ལག་བསྟར་བྱས་པ་དེས་མིག་མངས་ལ་དགའ་པོ་བྱེད་མཁན་མང་དུ་ཕྱིན་ཡོད་ལ་རིམ་སྤོར་དང་འགྲན་རྩོད་ལ་ཡང་ངོས་འཛིན་གསར་པ་ཞིག་བྱུང་ཡོད། འདི་ལོའི་དཔྱིད་ཀའི་དུས་ཚིགས་སུ་གཉེར་བའི་རིམ་པ་གསུམ་གྱི་འགྲན་བསྡུར་ནང་མིག་མངས་རིམ་པ་དྲུག་གི་བདམས་ཐོན་པ་1དང་། གཅིར་འགྱིག་རིམ་པ་དྲུག་གི་བདམས་ཐོན་པ་2 རིམ་པ་སྣ་ཚོགས་ཀྱི་བདམས་ཐོན་པ་200ལྷག་ཙམ་ཐོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲང་ཐའོ་ཡིས་བཤད།

འདི་ནི་ཟླ་12ཚེས་26ཉིན་ལོ་ཆུང་ཚོགས་ཆུང་གི་བདམས་ཐོན་པས་ལྷ་སར་གཉེར་བའི་རང་ལྗོངས་ཀྱི་2020ལོའི་མིག་མངས་རིམ་ལྡན་འགྲན་བསྡུར་ནང་འགྲན་རྩོད་བྱེད་བཞིན་པ།