《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

བོད་ཀྱི་གྲོང་སྡོད་ལས་བྱེད་པ་མི་ཐེངས་ཁྲི་20ལྷག་ཙམ་དབུལ་སྒྲོལ་སྣེ་ཁྲིད་པར་གྱུར་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་དེ་ཡིན་པའི་ཆ་ནས། འདི་ལོར་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མེད་པར་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། འདི་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ནི་ལས་བྱེད་པ་མི་ཐེངས་ཁྲི་20ལྷག་ཙམ་གྲོང་ཚོར་བཅའ་སྡོད་བྱས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ལ་བརྟེན་ནས་ཐོབ་པ་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལུའི་ཡེ་ཧུའེ་ཡིས། གྲོང་སྡོད་ལས་བྱེད་པས་ཏང་དང་མང་ཚོགས་དབར་ལ“སེམས་སྦྲེལ་ཟམ་པ”བཙུགས་ནས། ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་སྣེ་ཁྲིད་པར་གྱུར་ཡོད་ཅེས་བརྗོད་པ་རེད།

2019ལོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ཀྱི་ཞིང་འབྲོག་པས་ལྗོངས་ཡོངས་ཀྱི་མི་འབོར་གྱི་68.5%བཟུང་ཡོད་པ་དང་། ཞིང་འབྲོག་པ་ཁྲི་240ཙམ་གྲོང་ཚོ(གྲོང་ལྷན)5400ལྷག་ཙམ་ལ་ཁ་ཐོར་དུ་གནས་ཡོད་པ་རེད། དུས་ཡུན་རིང་པོར། རང་བྱུང་དང་ས་ཁམས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ལས་གཞི་རིམ་ཏང་རྩ་འཛུགས་ཁྲོད་དུ“བྱེད་ཐབས་ཉུང་བ་དང་ཤེས་ལྡན་མི་སྣ་དཀོན་པའི”གནད་དོན་མངོན་གསལ་དོད་པོ་ལྷགས་ནས། བོད་ཀྱི་ཞིང་འབྲོག་ཁུལ་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་རེད། དེར་དམིགས་ནས། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ལས་བྱེད་པ་ཁྲི་2ཙམ་གྲོང་ཚོར་བཅའ་སྡོད་བྱེད་པར་འདེམས་གཏོང་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད།

ལུའི་ཡེ་ཧུའེ་ཡིས། 2011ལོའི་ཟླ་བཅུ་པ་ནས་བཟུང་། བོད་ཀྱིས་ལས་བྱེད་པ་ཁག་9དང་མི་ཐེངས་ཁྲི་19.3བསྟུད་མར་འདེམས་གཏོང་བྱས་ནས་གྲོང་སྡོད་རོགས་སྐྱོར་ལས་དོན་སྤེལ་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལས་བྱེད་པ་ཁག་3གྱི་མི་ཐེངས་ཁྲི་1.6མངགས་ནས་གྲོང་ཚོའི(གྲོང་ལྷན)ཧྲུའུ་ཅི་དང་པོའི་འགན་འཁུར་གྱི་ཡོད། དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་རྨང་བརྟན་དམངས་ཕན་གྱི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས། གྲོང་སྡོད་ལས་བྱེད་པས་མང་ཚོགས་ཀྱི་གནད་དོན་དང་དཀའ་ངལ་སེལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དེའི་ཁྲོད་ནས་གྲོང་ཚོ་རེར་ཆེད་མངགས་སྒོར་ཁྲི་20རེའི་རྨང་བརྟན་དམངས་ཕན་གྱི་གྲོན་དངུལ་སྤྲོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གྲོང་སྡོད་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འབུངས་བྱས་ནས། གཞི་རིམ་རྩ་འཛུགས་སྲ་བརྟན་དུ་གཏོང་བ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། མང་ཚོགས་ལ་འབབ་འཕར་ཡོང་བར་བྱེད་པ་སོགས་ཀྱི“ལས་དོན་ཁག་བདུན”ལ་དམིགས་ཏེ། དངོས་གནས་དྲང་གནས་ཀྱིས་མི་དམངས་ལ་བྱ་བ་དངོས་དང་བྱ་བ་ཡག་པོ་སྒྲུབ་ཀྱི་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)