《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月28日

འགྱིག་ཤོག་དྲོད་ཁང་ཆེན་པོ་ལས་ཞིང་དུད་ཕྱུག་པོའི་ལམ་དུ་སྐྱོད།

↙ མིག་སྔར་ཤིན་ཅང་ཨ་ཁེ་ཐའོ་རྫོང་ཁུན་ལུན་ཅ་ལྡུམ་རའི་སྒྲིག་བཀོད་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ཕྱི་སྨིན་ཀྲོ་མ་ཀྲུ་སྨིན་ནས་ཁྲོམ་རར་འདོན་འགོ་ཚུགས་པས་སྒྲིག་བཀོད་འགྱིག་ཤོག་དྲོད་ཁང་ཆེན་པོ་ཚང་མའི་ནང་ཚལ་རིགས་བསྡུ་བའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

ཤིན་ཅང་ཨ་ཁེ་ཐའོ་རྫོང་གི་གྲོང་འདབས་སུ་གནས་པའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ཁུལ་ཆུང་ཁུན་ལུན་ཅ་ལྡུམ་རའི་ནང་ཕ་སྨིར་ས་མཐོའི་རི་ཁུལ་ནས་སྤོས་པའི་གྲོང་མི་6500ལྷག་ཙམ་ལས་ཀ་བཀོད་སྒྲིག་བྱས་ཡོད་པ་དང་གནས་སྤོས་མང་ཚོགས“གནས་སྤོ་ཐུབ་པ་དང་། སེམས་གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཡོང་ཆེད། ས་གནས་དེས་དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འགྱིག་ཤོག་དྲོད་ཁང་ཆེ་མོ་1700ལྷག་ཙམ་བསྐྲུན་པས་གྲོང་མི་ཚོར་དགུན་དུས་སུ་ཚལ་རིགས་ཟ་རྒྱུ་ཡོད་པ་མ་ཟད། ད་དུང་ཞིང་པར་འབབ་འཕར་ཡང་བྱུང་ཡོད་ཅིང་། འདི་ནི་ཉེ་དུས་ཤིན་ཅང་ཨ་ཁེ་ཐའོ་རྫོང་གི་སྒྲིག་བཀོད་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ཚལ་འདེབས་མཁན་ཞིང་པ་ཐུའུ་ཏི་པའེ་ཁེ·ཐུར་ཧན་གྱིས་ཀྲོ་མ་ཀྲུ་འཐུ་བཞིན་པ།