《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月28日

སློབ་ཆེན་སློབ་མའི“ཞིང་ལས་ཉམས་ལེན་གླིང”དུ་མེ་ཏོག་ བྲིན་ཁ་རྒྱུག་པའི་དུས་ཚིགས་ཤར་བ།

↑ ལོ་གསར་འཆར་ཉེའི་སྐབས་སུ་ཀྲེ་ཅང་ཞིང་ཆེན་ཐུང་ཤང་གྲོང་ཁྱེར་ཁྲུང་ཧྥུའུ་ཞིང་ལས་ཉམས་ལེན་གླིང་ནང་ཚོན་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་བྲིན་ཁ་རྒྱུག་པ་དང་། སློབ་ཆེན་སློབ་མའི“ཞིང་ལས་ཉམས་ལེན་བ”ཚོས་དྲ་ཐོག་དང་དྲ་ཕྱིར་བརྟེན་ནས་མེ་ཏོག་བྲིན་ཚོང་གི་ཁྲོམ་ར་རྒྱ་སྐྱེད་གཏོང་གི་ཡོད། མིག་སྔར་ཞིང་ལས་ཉམས་ལེན་གླིང་དུ་ཚད་གཞི་མཐོ་བའི་ཞིང་ལས་སྒྲིག་བཀོད་དྲོད་ཁང་མུའུ་300ཡོད་པ་དེར་རིམ་རྩིས་བྱས་ན་ཞིང་ལས་ཁྱད་ལྡན་རྣམ་གྲངས་35ནང་འདྲེན་བྱས་པ་དང་། ད་དུང་ལས་གཏོད་སློབ་ཆེན་སློབ་མ་150ཡིས་མཐའ་འཁོར་གྱི་ངལ་ནུས་མི་གྲངས་200ལྷག་ཙམ་སྐུལ་ཁྲིད་བྱས་ཤིང་། འདི་ནི་ཁྲུང་ཧྥུའུ་ཞིང་ལས་ཉམས་ལེན་གླིང་གི་སློབ་ཆེན་སློབ་མ་དབྱི་ཝུའེ(གཡོན)དང་ལས་དོན་མི་སྣས་དྲོད་ཁང་ནང་འཛད་སྤྱོད་པར་མེ་ཏོག་འདེབས་རོགས་བྱེད་བཞིན་པ།