《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月28日

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་གློག་ཁང་གཉིས་རྒྱལ་ཁབ་བཟོ་ལས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་ཁག་བཞི་པའི་མིང་གཞུང་དུ་བདམས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་26ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་བཟོ་འཕྲིན་པུའི་དྲ་ཚུགས་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་འདུན་ཞུ་བྱས་པའི་རྔ་ཆེན་གློག་ཁང་དང་དོག་སྡེའི་གློག་ཁང་གི་བཟོ་ལས་ཤུལ་བཞག་རྣམ་གྲངས་རྒྱལ་ཁབ་བཟོ་ལས་ཤུག་བཞག་སྲུང་སྐྱོང་རྣམ་གྲངས་ཁག་བཞི་པའི་མིང་གཞུང་དུ་བདེ་བླག་ངང་བདམས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་4པ་ཚུན་དུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་རྒྱལ་ཁབ་བཟོ་ལས་ཤུག་བཞག་ཁས་ལེན་གྱི་འདུན་ཞུའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བཟོ་འཕྲིན་པུའི་གཞུང་ལས་ཁང་གི་བརྡ་ཐོའི་བླང་བྱར་གཞིགས་ན། བཟོ་ལས་ཤུལ་བཞག་གི་འདུན་ཞུའི་ལས་དོན་ཏན་ཏིག་ངང་སྤེལ་བ་དང་རྔ་ཆེན་གློག་ཁང་དང་དོག་སྡེ་གློག་ཁང་གི་རིག་གནས་ཤུལ་བཞག་གི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ནས། གློག་ཁང་དེ་གཉིས་ཀྱི་སྒྲིག་ཆས་སྒྲིག་བཀོད་ཉམས་བཟོ་དང་ལོ་རྒྱུས་བརྙན་པར་དཔྱད་གཞི་བསྡུ་རུབ་རྩོམ་སྒྲིག་སོགས་ཀྱི་ལས་དོན་ནན་ཏན་ངང་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་ཐོག་མའི་དཔྱད་འདེམས་འོས་སྦྱོར་དང་། རྒྱལ་ཁབ་བཟོ་ལས་ཤུལ་བཞག་གི་དཔྱད་ཞིབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་གཅིག་སྡུད་དཔྱད་འདེམས་དང་། ས་གནས་ས་ཐོག་ཏུ་དཔྱད་འདེམས། དྲ་ཐོག་ནས་ཡོངས་བསྒྲགས་སོགས་བརྒྱུད། རྔ་ཆེན་གློག་ཁང་དང་དོག་སྡེ་གློག་ཁང་རྒྱལ་ཁབ་ཀྱི་འདུན་ཞུའི་རྣམ་གྲངས་བརྒྱ་གྲངས་ཀྱི་ཁྲོད་ནས་འབུར་དུ་ཐོན་ཏེ་རྒྱལ་ཁབ་ཀྱི་བཟོ་ལས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཁག་བཞི་པའི་མིང་གཞུང་དུ་བདེ་བླག་ངང་བདམས་པ་རེད།