《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月16日

ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས།

བསམ་གྲུབ་རྩེ་ཆུས་ཀྱི་སློབ་ཞུགས་གོང་གི་སློབ་གསོར“100%གསུམ” མངོན་འགྱུར་ཐུབ་རྒྱུར་རོགས་རམ་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པ་བསམ་གྲུབ་རྩེ་ཆུས་སུ་བཅའ་སྡོད་བྱས་ཚུན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་སློབ་ཞུགས་གོང་གི་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོའི་མཐོ་ས་གཏོད་རྒྱུ་གཙོ་གནད་དུ་བྱེད་པ། གསར་གཏོད་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་དང་ལག་བསྟར་བཅས་བྱས་ཏེ། གྲོང་གསེབ་ཀྱི་བུ་བཅོལ་ཁང་གི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་དང་། སློབ་གྲྭ་ཆེ་མོ་བའི་དགེ་རྒན་བཀོད་སྒྲིག་བྱེད་ཚད། བུ་བཅོལ་ཁང་འཛུགས་སྐྲུན་ཚད་ལྡན་ཅན་དུ་འགྱུར་ཚད་བཅས“100%གསུམ”

མངོན་འགྱུར་ཐུབ་རྒྱུར་རམ་འདེགས་བྱས་པ་རེད།

གནད་སྨིན་མཐིལ་རྟོགས་ཀྱིས་སློབ་ཞུགས་གོང་གི་སློབ་གསོའི“100%གསུམ”འཕེལ་རྒྱས་ཀྱི་ཚད་ཤིང་གསར་པ་བཙུགས་ཤིང་། བོད་དུ་སླེབས་པ་ནས་བཟུང་། ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གཞི་རིམ་དུ་བསྐྱོད་དེ་བསམ་གྲུབ་རྩེ་ཆུས་ཀྱི་ཤང(ཁྲོམ་གཞུང)12ཀྱི་གྲོང་ཚོ་176གི་སློབ་གྲྭ་འབྲིང་ཆུང་གི་བུ་བཅོལ་ཁང་100ལྷག་ཙམ་ལ་བརྟག་ཞིབ་མཐིལ་རྟོགས་བྱས་ནས་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་དང་སྤུས་ཚད་ལེགས་གཏོང་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ལ་གཙོ་གནད་ཐོག་འཚོལ་ཞིབ་དང་དབྱེ་ཞིབ་བྱས་པ་རེད། དཀའ་གནད་སེལ་རྒྱུར་གཞིས་ཚུགས་ནས་ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གནད་དོན་ཕྱོགས་སྟོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་ཞུགས་གོང་གི་སློབ་གསོའི“100%གསུམ”གྱི་འཕེལ་རྒྱས་དམིགས་ཚད་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་ཞིང་། ལོ་3ནས་6བར་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་100%ཟིན་ནས་སློབ་ཞུགས་གོང་གི་སློབ་གསོའི“གཅིག་ཀྱང་ཉུང་མི་རུང་བ”དང་། སློབ་ཆེན་སློབ་མའི་དགེ་རྒན་བཀོད་སྒྲིག་བྱེད་ཚད་100%ཟིན་ནས་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་པ། བུ་བཅོལ་ཁང་འཛུགས་སྐྲུན་ཚད་ལྡན་ཅན་དུ་གྱུར་ཚད་100%ཟིན་ནས་སློབ་ཞུགས་གོང་གི་སློབ་གསོའི་མ་ལག་གསར་པ་བཙུགས་པ་རེད།

དམིགས་སར་ཤུགས་སྣོན་གྱིས“ཟུང་འབྲེལ་བཞིར”བརྟེན་ཏེ་སློབ་ཞུགས་གོང་གི་སློབ་གསོའི“100%གསུམ”མངོན་འགྱུར་ཡོང་བར་བྱས་ཤིང་། ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་ཚད་གཞིར་གཞིགས་ནས། བོད་ཀྱི་གྲོང་གསེབ་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ《གཞི་ཁྱོན་ཆུང་བའི་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་ཚད་གཞི》བཟོས་པ་དེས་བུ་བཅོལ་ཁང་གི་ནུས་པ་འཐུས་ཚང་དང་མ་འཇོག་གི་མ་གནས་དམའ་རུ་ཤུགས་ཆེན་འགྲོ་རྒྱུར་འགན་ལེན་ཐུབ་ཡོད། ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་བུ་བཅོལ་ཁང་33ལ་སྒྱུར་བཀོད་བྱས་པ་དང་བུ་བཅོལ་ཁང་29གསར་དུ་བསྐྲུན་པ་རེད། མིག་སྔར་བསམ་གྲུབ་རྩེ་ཆུས་སུ་གྲོང་གསེབ་ཀྱི་བུ་བཅོལ་ཁང་113བར་མང་དུ་ཕྱིན་ནས་གྲོང་གསེབ་ཀྱི་བུ་བཅོལ་ཁང་ཁྱོན་ཡོངས་ལ་ཁྱབ་པ་དང་དུས་མཚུངས་ཚད་ལྡན་ཅན་དུ་འགྱུར་ཚད་100%ཟིན་ཡོད་པ་རེད།

མ་ལག་གསར་གཏོད་ཀྱིས“5+X”སློབ་ཚན་ལ་བརྟེན་ནས་སློབ་ཞུགས་གོང་གི་སློབ་གསོ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཞིང་། ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བསམ་གྲུབ་རྩེ་ཆུས་སུ་མཁྲེགས་ཆས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། “5+X”སློབ་ཚན་བཀོད་སྒྲིག་ཚད་ལྡན་ཅན་དང་ཁྱད་ཆོས་ཅན་གྱི་མ་ལག་གསར་པ་འཛུགས་རྒྱུ་འཚོལ་ཞིབ་བྱས་པས་བསམ་གྲུབ་རྩེ་ཆུས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་རྨང་གཞི་ཞན་པ་དང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དཀའ་བའི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་བོད་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་མཐོ་ས་གསར་པ་བཏོད་ཡོད།