《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月16日

སྡེ་ཚན་བརྒྱད་ཀྱིས་བསྟན་དོན།

ལོ་གཉིས་ནང་དྲ་ཐོག་ཚོང་དོན་གྱི་མྱུར་སྐྱེལ་བསྐུར་མ་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་ལ་ཐུམ་སྒྲིལ་ཐེངས་གཉིས་པ་བྱེད་རྒྱུ་མིན་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཟླ་12ཚེས་14ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་སྦྲག་སྲིད་ཅུས། བཟོ་འཕྲིན་པུའུ་སོགས་སྡེ་ཚན་བརྒྱད་ཀྱི《མྱུར་སྐྱེལ་བསྐུར་མའི་ཐུམ་སྒྲིལ་ལྗང་མདོག་ལ་སྒྱུར་བར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བརྒྱུད་སྤེལ་བྱས་པ་རེད།

བསྐྱར་སྤྱོད་མྱུར་སྐྱེལ་བསྐུར་མ་ཐུམ་སྒྲིལ་ཉེར་སྤྱོད་ཀྱི་གཞི་ཁྱོན།

2022ལོར།

དྲ་ཐོག་ཚོང་དོན་གྱི་མྱུར་སྐྱེལ་བསྐུར་མར་ཐུམ་སྒྲིལ་ཐེངས་གཉིས་པ་མི་བྱེད་པའི་བསྡུར་གྲངས་85%ཟིན་རྒྱུ་ཡིན་པ།

2022ལོར།

ཁྲི་700ཟིན་རྒྱུ།

མྱུར་སྐྱེལ་བསྐུར་མའི་ཐུམ་སྒྲིལ་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། མྱུར་སྐྱེལ་བསྐུར་མའི་ཐུམ་སྒྲིལ་རྒྱུ་ཆ་གནོད་མེད་ཅན་སྤྱོད་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་བཟོ་རྒྱུ་དང་ལག་བསྟར་བྱ་རྒྱུ་ཡིན་པ།

2025ལོར།

ཁྲི་1000ཟིན་རྒྱུ།

མྱུར་སྐྱེལ་བསྐུར་མའི་ཐུམ་སྒྲིལ་ཁྱབ་ཁོངས་སུ་ལྗང་མདོག་འདུ་ཤེས་དང་འཚམ་པའི་བཅའ་ཁྲིམས་དང་། ཚད་གཞི། སྲིད་ཇུས་བཅས་ཀྱི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ་མྱུར་སྐྱེལ་བསྐུར་མའི་ཐུམ་སྒྲིལ་ཐོན་སྐྱེད་དང་། བེད་སྤྱོད། ཚུར་བསྡུ། གཙང་སེལ་བཅས་འཁོར་འབྲེལ་ཁྱབ་པའི་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་གྲུབ་པ་བྱ་རྒྱུ་རེད།

མྱུར་སྐྱེལ་བསྐུར་མའི་ཐུམ་སྒྲིལ་གཞི་རྩའི་ཆ་ནས་ལྗང་མདོག་ཅན་དུ་བསྒྱུར་རྒྱུ་ཡིན་པ།