《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月16日

རང་སྐྱོང་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག《ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་པའི་སྣོད་བཅུད་གནས་སྤོའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》ཟིན་བྲིས་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་འབྲེལ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་དང་གྲོས་ཞིབ་ཀྱང་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག འབྲེལ་ཡོད་སྡེ་ཚན་ཁག་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་སོགས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ་མཐོ་ཚད་མཐོ་པོ་དགོས་པ་དང་། ཇུས་འགོད་གཏིང་ཟབ་དགོས་པ། འཆར་འགོད་རྒྱང་རིང་དགོས་པ། དམིགས་འབེན་ཏན་ཏིག་དགོས་པ་བཅས་ཀྱི་བླང་བྱ་ལྟར། དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་འཐུས་ཚང་གི་སྒྲིག་སྲོལ་དང་ལམ་སྲོལ་དཔྱད་གཞིར་འཛིན་པ་དང་། འབྲེལ་མཐུད་ལ་ཤུགས་སྣོན་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ཁུངས་སྤྱི་འདོམས་ཀྱི་ལས་ཕྱོད་དང་རྣམ་གྲངས་མ་དངུལ་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་གོ་ཆོད་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་སྲིད་ཇུས་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ཀྱི་སྲིད་ཇུས་ལེགས་སྒྲིག་ལྟར། 《ལག་བསྟར་བསམ་འཆར》ནང་གཏན་ལ་ཕབ་པའི་འབྲེལ་ཡོད་སྲིད་ཇུས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་མང་ཚོགས་ལ་དེ་བས་ལེགས་པའི་ཕན་པ་ཐོབ་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།