《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月16日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་འགོ་ཚུགས་པ།

བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱས་རྗེས། 《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག(འཆར་ཟིན)》ལ་བཟོ་བཅོས་རྒྱག་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་སྙན་སེང་གསན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་ཞིབ་ཐེངས་དང་པོ་བྱས་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཁྲིམས་འཛུགས་ལས་དོན་ཆེད་ཚན་གྱིས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ལ་སྐུལ་འདེད་བཏང་བ་དང་། རྒྱུན་ཨུའི་གྲུབ་ཆའི་མི་སྣའི་གྲོས་ཞིབ་བསམ་འཆར་རེ་རེ་བྱས་ནས་ཞིབ་འཇུག་དང་བསྡུ་ལེན་ཧུར་ཐག་བྱས་པ་མ་ཟད། རྙོག་དྲ་ཆེ་བ་དེ་བས་སྟབས་བདེ་རུ་གཏོང་བ་དང་། ཁྱད་ཆོས་མངོན་པ། གནད་སྨིན་གནད་འཁེལ་ཞིབ་ཚགས་བཅས་ཀྱི་བླང་བྱ་གཞིར་བཟུང་བཟོ་བཅོས་བརྒྱབ་པས་འཆར་ཟིན་གྱི་མ་ཟིན་གཉིས་པ་གྲུབ་ཡོད། འཆར་ཟིན་གྱི་མ་ཟིན་གཉིས་པའི་ནང་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ“རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་འཐབ་ཇུས་ཁུལ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རང་བྱུང་ཁམས་སྲུང་སྐྱོང་གི་དཔེ་མཚོན་ཁུལ། སྣོད་བཅུད་དམངས་ཕྱུག་གི་སྔོན་ཚུད་ཁུལ”བཅས་བསྐྲུན་རྒྱུ་དེ་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ནང་དོན་གཙོ་བོ་དང་འདེགས་སྐྱོར་གལ་ཆེན་དུ་བརྩིས་པ་དང་ཆབས་ཅིག ཡན་ལག་རྩ་འཛིན་ནང་དེ་བས་གང་ལེགས་མངོན་ཡོད་པ་དང་འབྲེལ། བོད་ཀྱི་ས་གནས་ཀྱི་ཁྱད་ཆོས་དེ་བས་མངོན་པ་དང་། སྣོད་བཅུད་ཤེས་དཔལ་གྱི་མཐོ་སའི་དམིགས་ཚད་བླང་བྱ་དེ་བས་མངོན་པ། ས་གནས་ཀྱི་ཚད་གཞི་ནན་ཤོས་དེ་བས་མངོན་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ལ་དེ་བས་མཐོང་ཆེན། སྣོད་བཅུད་རིག་གནས་མ་ལག་བསྐྲུན་རྒྱུར་དེ་བས་མཐོང་ཆེན། ལྗང་མདོག་འཕེལ་རྒྱས་དེ་བས་ནན་བཤད་བཅས་བྱས་པར་བརྟེན་ཁྲིམས་འཛུགས་ཀྱི་ངེས་གནས་སྔར་བས་མཐོ་རུ་ཕྱིན་ཡོད་ལ་ཁྲིམས་སྲོལ་གྱི་བཀོལ་སྤྱོད་རང་བཞིན་ཡང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་ཁ་གསབ་གསལ་བཤད་དང《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་གསབ་སྣོན་ཨུ་ཡོན་གྱི་མཚན་ཐོའི(འཆར་ཟིན)》སྐོར་གྱི་གསལ་བཤད་གསན་པ་རེད།

ཚོགས་འདུའི་ཉིན་རེའི་བཀོད་སྒྲིག་གཞིར་བཟུང་། ཚེས་14ཉིན་གྱི་ཉིན་གང་དང་ཚེས་15ཉིན་གྱི་སྔ་དྲོར། ཚོགས་ཞུགས་མི་སྣས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་བསྟན་བཟང་གིས་ཞུས)