《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月02日

ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གནང་བ་རེད།

མཆན་འགོད་མཛུབ་སྟོན་ནང་ཝུའུ་དབྱིང་ཅེས། དབུལ་སྒྲོལ་འགག་སྒྲོལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་གནང་སྟེ་ཐུགས་ཁྲལ་ཆེ་ཤོས་དང་ནུས་ཤུགས་ཆེ་ཤོས་བཏོན་གནང་བའི་དོན་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྩིས་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་ལྕག་སྐུལ། ལས་ཞུགས་ལ་གཟིགས་སྐྱོང་། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་ཚང་མའི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་ལོ་བཞི་བསྟུད་མར་ཀྲུང་དབྱང་གི“ཕྱོགས་བསྡུས་གདེང་འཇོག་ཡག་པོར”གཏན་འཁེལ་བྱས་ནས་རང་རྒྱལ་གྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི“བོད་ཀྱི་ངོ་མཚར”བཏོད་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་ལོ་འཁོར་མོར་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་བརྩོན་ཆེན་པོས་འགག་སྒྲོལ་དཀའ་སེལ་དང་སྐད་གྲགས་མེད་པར་ནུས་པ་གལ་ཆེན་བཏོན་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས།

ཝུའུ་དབྱིང་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“ད་ཆ་གལ་ཆེ་ཤོས་ནི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན”ཞེས་མཛུབ་སྟོན་གཏིང་ཟབ་གནང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པར་འཐབ་ཇུས་ཀྱི་ཇུས་ཐག་བཅད་དེ“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཡོང་བ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་དབུལ་ཞྭ་ཕུད་པའི་ས་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས”ཞེས་ཁ་གསལ་བཏོན་ཡོད། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཚུད་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་དམག་འཐབ་བསྟུད་མར་རྒྱག་པའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་ཐོག་མཐའ་བར་གསུམ་དུ་སྲ་བརྟན་ཡོང་བར་དམ་འཛིན་བྱེད་པ། བསྐྱར་དར་གྱི་སྙིང་སྟོབས་སླར་ཡང་འདོན་སྤེལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་དཔྱད་ཞིབ་ཚོགས་ཆུང་གི་ཞིབ་བཤེར་དང་ལེན་བྱེད་ཐུབ་པ་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས། ཞིང་ཆེན་དབར་གྱི་ཕན་ཚུན་དཔྱད་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཧུར་ཐག་ཞུས་ཏེ་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་སྤྱི་ཡོངས་ཀྱི་འགན་འཁྲི་འཁུར་བ་དང་། དགོས་ངེས་ཀྱི་དཔྱད་ཡིག་ཁྱོན་ཡོངས་ནས་འཕྱུགས་པ་མེད་པར་ངང་མཁོ་འདོན་བྱེད་པ། དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ངོ་སྤྲོད་བྱེད་པ། ཞབས་ཞུ་དང་འགན་སྲུང་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱེད་པ་ལས་མི་བདེན་རྫུན་སྒྲིག་དང་ཁྲལ་སེལ་སླ་བཅོས་གཏན་ནས་མི་བྱེད་པར་དཔྱད་ཞིབ་ལས་དོན་བདེ་བླག་དང་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།