《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月30日

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་གྱི་མཚན་ཐོ།

(2020ལོའི་ཟླ་11ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

ཕྱིར་འཐེན།

ནོར་བུ་དགྲ་འདུལ་གྱི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

ཙོའུ་ཅི་ཁྲེང་གི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

སྐལ་བཟང་ཆོས་འཕེལ་གྱི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

བསྐོ་གཞག

ཚེ་རིང་མཚོ་མོ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པར་བསྐོ་གཞག་བྱ་རྒྱུ།

ཚེ་རིང་ཟླ་བ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པར་བསྐོ་གཞག་བྱ་རྒྱུ།

ཟླ་བ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པར་བསྐོ་གཞག་བྱ་རྒྱུ།