《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月29日

ཟླ་དང་པོ་ནས་བཅུ་པའི་བར་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་223བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བས། ཟླ་དང་པོ་ནས་བཅུ་པའི་བར་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ལ་དངོས་སུ་མ་དངུལ་སྒོར་དུང་ཕྱུར་223བཏང་བ་དེས་ལོ་ཧྲིལ་པོའི་འཆར་གཞིའི་མ་དངུལ་གྱི་138%བཟུང་བ་དང་དུས་མཚུངས་ལས་115.4%འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

“ཟླ་དང་པོ་ནས་བཅུ་པའི་བར་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར་89.35བཏང་བ་དེ་དུས་མཚུངས་ལས་40.2%འཕར་བ་དང་། འགན་ལེན་རང་བཞིན་གྱི་བདེ་སྡོད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་25.97བཏང་བ་དེས་ལོ་ཧྲིལ་པོའི་འཆར་གཞིའི་130%བཟུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་40.89བཏང་བ་དེས་ལོ་ཧྲིལ་པོའི་འཆར་གཞིའི་89%བཟུང་ཡོད”ཅེས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འཆར་འགོད་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཧྥུང་ཅན་གོ་ཡིས་ངོ་སྤྲོད་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རིང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་7.88བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་4.36སོགས་གཙོ་གནད་རིགས་4ཡི་ཉེན་ཡོད་ཁང་པ་སྒྱུར་བཀོད་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། “བདེ་འཇགས་གསལ་འབྱེད”དང་། “བདེ་འཇགས་སྒྱུར་བཀོད”“བདེ་འཇགས་འགན་ལེན”བཅས་བྱ་ཐབས་གསུམ་བརྒྱུད་རྒྱལ་ཁབ་ཀྱི་ཆ་འཕྲིན་ཞིབ་དཔྱད་མ་ལག་ཁྲོད་ཀྱི་རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་16.4ཡི་སྡོད་ཁང་བདེ་འཇགས་འགན་ལེན་ཁྱིམ་དུ་བསྐྱོད་ནས་ཞིབ་དཔྱད་བྱེད་པའིལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

རིམས་ནད་ཐོན་རིང་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་འགུལ་ངང་བྱས་རྗེས་བཞག་ནས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་འཛུགས་སྐྲུན་རིགས་ཀྱི་ཁེ་ལས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ་ལས་ཞུགས་ལས་གནས་2628མཁོ་འདོན་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མ་454དང་ལས་ཞུགས་གན་རྒྱ་བཞག་ཡོད། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་འབྲོག་པ་ལས་མི་ཁྱོན་ཁྲི་9.85ཙམ་ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་8.8ཙམ་བྱུང་ཡོད། རང་བརྟེན་ལས་གཏོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་76ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲ་བཟོས་ནས་སྡོད་ཁང་སྤྱི་གསོག་ཁ་གསབ་མ་དངུལ་སྒོར་ཁྲི་322.81རེ་ཞུ་བྱས་ཡོད།

ཧྥུང་ཅན་གོ་ཡིས“སྡོད་སའི་ཁང་པ་ཡོད་པའི”དམིགས་ཡུལ་མངོན་འགྱུར་བྱ་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལས་ཤག་དང་། བོགས་གཏོང་གཞུང་ཁང(ཁང་གླ་ཁེ་བའི་སྡོད་ཁང)སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་དང་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བཅས་ཀྱིས་གཙོས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་མ་ལག་ཧུར་ཐག་བསྐྲུན་ནས། བོད་ཀྱི་ཁྱད་ཆོས་ལྡན་པ་དང་རིམ་པ་མང་བའི་སྡོད་ཁང་འགན་ལེན་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་སྡོད་ཁང་སྐྱོ་ཁུལ་14085དང་བོགས་གཏོང་གཞུང་ཁང་7510གཞི་རྩའི་ཆགས་ནས་བསྐྲུན(གསར་སྐྲུན་དང་མཐུད་སྐྲུན་ཚུད་པ)ཟིན་པ་དང་། དུད་ཚང་153ཡོད་པའི་སྡེ་ཁུལ་རྙིང་པའི་སྒྱུར་བཀོད་ཀྱི་རྣམ་གྲངས་5ལེགས་སྒྲུབ་ཟིན་པ་དང་། མ་དངུལ་དོན་འཁྱོལ་ཅུང་འགོར་བས་མིག་སྔར་དུད་ཚང་3396ཡོད་པའི་སྡེ་ཁུལ་རྙིང་པ་17ལ་ཉམས་བཟོ་དང་སྒྱུར་བཀོད་བྱེད་བཞིན་ཡོད་པ། དེ་བྱིངས་ཀྱི་སྡེ་ཁུལ་རྙིང་པ་35སྒྱུར་བཀོད་ཀྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།