《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月29日

རུའུ་ཀྲོའུ་དཀར་ཡོལ་བཟོ་གྲྭར་མངོན་མིན་རིག་གནས་ཤུལ་ བཞག་ཉམས་ལེན་བྱེད་པ།

← ཉེ་ཆར། ཧོ་ནན་ཞིང་ཆེན་པའོ་ཧྥུང་རྫོང་ཤིས་ཁྲེང་མོན་སློབ་ཆུང་གིས“མངོན་མིན་རིག་གནས་ཤུལ་བཞག་རུའུ་ཀྲོའུ་དཀར་ཡོལ་གྱི་རིག་གནས་ལ་ལྟ་བའི”ཞིབ་འཇུག་དང་སློབ་སྦྱོང་ལག་ལེན་བྱེད་སྒོ་སྤེལ་བ་རེད། སློབ་གྲྭ་དེའི་སློབ་མ་90ལྷག་ཙམ་ས་གནས་དེ་གའི་རུའུ་ཀྲོའུ་དཀར་ཡོལ་བཟོ་གྲྭར་བསྐྱོད་དེ་རུའུ་ཀྲོའུ་དཀར་ཡོལ་བཟོ་མཁན་གྱི་སྣེ་ཁྲིད་འོག དཀར་ཡོལ་བཟོ་སྟངས་དང་། རུའུ་ཀྲོའུ་དཀར་ཡོལ་ལ་ལྟ་སྐོར། རུའུ་ཀྲོའུ་དཀར་ཡོལ་གྱི་རིག་གནས་ལ་ལྟ་བ་བཅས་བྱས་ཡོད། འདི་ནི་སློབ་ཆུང་སློབ་མས་ཧོ་ནན་ཞིང་ཆེན་པའོ་ཧྥུང་རྫོང་ཧུའེ་རུའུ་ཡི་རུའུ་ཡའོ་དཀར་ཡོལ་ཀུང་སིའི་འཁོར་ཁང་དུ་སོ་མ་བཏང་གོང་གི་དཀར་ཡོལ་བཟོ་སྟངས་ལ་ལྟ་བཞིན་པ།